分享按钮

ལས་གནས་དཀྱུས་མའི་ཐོག་རང་ནུས་ཡོད་རྒུ་བཏོན་པ།

(པར་ངོས་དང་པོར་མཐུད)མྱུར་སྐྱེལ་གྲོང་གསེབ་ཏུ་གཉེར་བའི་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱས་པ་དེའི་དམིགས་ཡུལ་ནི་གྲོང་གསེབ་ཀྱི་ཟོག་འགྲེམས་སྡེབ་སྐྱེལ་གྱི་ཞབས་ཞུ་ལེཊ་སུ་བཏང་ནས།མྱུར་སྐྱེལ་ཞབས་ཞུ་དེ་ལྷུན་གྲུབ་རྫོང་གི་ཤང་དང་གྲོང་རྡལ་9ལ་གྲུབ་འབྲས་ཐོབ་པའི་ངང་རྒྱ་ཆེར་གཏོང་རྒྱུ་དེ་རེད། ཧྲི་མིང་དང་ཁོང་ཚོའི་ཚོགས་པས་རྣམ་པ་དེ་བོད་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་དེ་བས་མང་བར་ཁྱབ་གདལ་བཏང་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བས་ལས་ཆོད་ཆེ་བ་དང་སྟབས་བདེ་བའི་མྱུར་སྐྱེལ་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་ཆེད་ཟོག་འགྲེམས་ཀྱི་རྨང་གཞི་ཡག་པོ་འདིང་རྩིས་ཡོད་པ་རེད། བོད་ལྗོངས་པེའི་ཅུས་ཟོག་འགྲེམས་ཚོགས་པ་ཚད་ཡོད་ཀུང་སིའི་གཉེར་སྐྱོང་ཅིང་ལི་ཧོ་ཤིན་གྱིས་མྱུར་སྐྱེལ་གྲོང་གསེབ་ཏུ་གཉེར་བ་ནི་མྱུར་སྐྱེལ་ཞབས་ཞུ་བྱེད་པ་ཙམ་མ་ཟད། སྤྱི་ཚོགས་ཀྱི་འགན་འཁྲི་མཚོན་པ་ཞིག་ཀྱང་ཡིན། ང་ཚོས་འབད་བརྩོན་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཞིག་ལ་མྱུར་སྐྱེལ་ཞབས་ཞུ་སྟབས་བདེ་ལོངས་སུ་སྤྱོད་ཐུབ་པར་བྱས་ནས་ཁོང་ཚོའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

2022ལོར་ཧྲི་མིང་གིས་བོད་ལྗོངས་པེའི་ཅུས་ཟོག་འགྲེམས་ཚོགས་པ་ཚད་ཡོད་ཀུང་སིའི་མྱུར་སྐྱེལ་གློག་རྡུལ་ཚོང་དོན་ཟོག་འགྲེམས་གླིང་གི་དུས་ཐེངས་དང་པོའི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བོད་ཀྱི་མྱུར་སྐྱེལ་ཟོག་འགྲེམས་ལས་རིགས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

རྣམ་གྲངས་དེས་སྔོན་དཔག་བྱས་ན་ལོ་ལྟར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་4245དང་ཁྲལ་འབབ་སྒོར་ཁྲི་300གཏོད་རྒྱུ་མ་ཟད། ལས་ཞུགས་ཀྱི་གོ་སྐབས་400མཁོ་འདོན་ཐུབ་རྒྱུ་རེད། རྣམ་གྲངས་དེ་ང་ཚོའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་ས་གནས་འདི་གའི་དཔལ་འབྱོར་འཕེལ་རྒྱས་ལ་ཁྲལ་འབབ་དང་ལས་ཞུགས་ཀྱི་གོ་སྐབས་ལེགས་སྐྱེས་ཕུལ་བར་མ་ཟད། འཛུགས་སྐྲུན་བྱས་པ་བརྒྱུད་ས་ཁུལ་ཧྲིལ་པོའི་ཟོག་འགྲེམས་སྡེབ་སྐྱེལ་གྱི་ལས་ཕྱོད་ཆེ་རུ་ཕྱིན་ཡོད་ཅེས་ཧྲི་མིང་གིས་བཤད།

བོད་ལྗོངས་པེའི་ཅུས་ཟོག་འགྲེམས་ཚོགས་པ་ཚད་ཡོད་ཀུང་སི་ནི་བོད་རང་སྐྱོང་ལྗོངས་མྱུར་སྐྱེལ་ལས་རིགས་མཐུན་ཚོགས་ཀྱི་ལྟེ་བའི་ཁོངས་མིའི་གྲས་ཤིག་ཡིན་པའི་ངོས་ནས་ཧྲི་མིང་གིས་ཀུང་སི་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དབར་མཉམ་ལས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་དངོས་སྦྱོང་ལམ་སྲོལ་བཙུགས་ཏེ་གཞོན་ནུ་ཚོར་ལས་གནས་ཀྱི་གོ་སྐབས་རྩ་ཆེན་ཞིག་མཁོ་འདོན་བྱས་ཡོད། ལས་རིགས་སློབ་གླིང་དང་མཉམ་ལས་བྱས་པ་དེས་ང་ཚོར་ཆེད་ལས་ཀྱི་མྱུར་སྐྱེལ་ལས་གཉེར་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་རོགས་བྱས་ཡོད། དེ་ནི་ང་ཚོའི་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་ཧྲི་མིང་གིས་བཤད།

བོད་ཀྱི་ཟོག་འགྲེམས་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་ཆེད་ཧྲི་མིང་དང་ཁོང་ཚོའི་ཚོགས་པས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱེད་བཞིན་ཡོད། འབྱུང་འགྱུར་ཁོང་ཚོས་མུ་མཐུད་མྱུར་སྐྱེལ་ལས་རིགས་ཁྲོད་འཚོལ་ཞིབ་དང་གསར་གཏོད་བྱས་ནས་ཞབས་ཞུའི་རྣམ་གྲངས་དེ་བས་མང་བ་ལ་སྐུལ་འདེད་བཏང་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

(ལྷག་པ་ཚེ་རིང་གི་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-03 6 6 拉萨日报藏文 c180395.html 1 ལས་གནས་དཀྱུས་མའི་ཐོག་རང་ནུས་ཡོད་རྒུ་བཏོན་པ། /enpproperty-->