ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་4ཚེས་30ཉིན། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་དོན་གྱི་ཆེད་དོན་སྐུལ་འདེད་ཚོགས་འདུ་འཚོགས་ནས་རང་གྲོང་གི་ཉེ་དུས་ཀྱི་གཙོ་གནད་ལས་འགན་དང་གཙོ་གནད་ལས་དོན་ལ་སླར་ཡང་བཀོད་སྒྲིག་དང་སླར་ཡང་ལྟ་སྐུལ་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ཕུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་།གྲོང་ཁྱེར་གྱི་དབུ་ཁྲིད་ཀྲང་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ཟླ་4ཚེས་28ཉིན་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ཆེད་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་དང་།རྫོང་(ཆུས) གླིང་ཁུལ་ཁག་བཅས་ཀྱིས་ལས་དོན་སྙན་སེང་ཞུས་པ་རེད།
ཚོགས་འདུའི་ཐོག་ཧོ་ཕུང་གིས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཞན་ཆ་གསབ་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ།བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་བཏོན་སྟེ་ལོ་རྒྱུས་རང་བཞིན་གྱི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དེ་ལེགས་སྒྲུབ་བྱེད་དགོས་པ་དང་། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་བཀོད་འདོམས་པུའུ་ཡིས་བཀོད་གཏོང་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ།ལས་གྲྭ་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་པ་དང་། གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ།ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱེད་ཤེས་པ་དང་། མང་ཚོགས་ལ་སྐུལ་ཁྲིད་དང་གསོ་སྦྱོང་བྱས་ཏེ་མང་ཚོགས་ཐུན་མོང་ཐོག་ལས་གྲྭའི་ནང་ཞུགས་སུ་བཅུག་ནས་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་མང་བ་འཕར་སྣོན་ཡོང་བར་བྱེད་དགོས་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ།ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་པོ་དགོས་པ་ལྟར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྤྱོད་གཙང་དར་སྤེལ་བཏང་སྟེ། བླང་བྱ་ནན་པོ་དང་ཚད་གཞི་ནན་པོའི་ཐོག་ནས་ལས་གྲྭའི་སྤུས་ཚད་ལ་འགན་ལེན་བྱེད་དགོས་པ། ཚན་རིག་དང་མཐུན་པའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ།རྩི་ཤིང་གི་གསོན་ཚད་མཐོ་རུ་གཏོང་དགོས་པ་དང་དུས་མཚུངས་སུ་རི་སྡོམ་ནགས་གསོའི་ལས་དོན་ལ་སྐུལ་འདེད་བཏང་ནས་རི་སྡོམ་ནགས་གསོའི་གྲུབ་འབྲས་སྲ་བརྟན་དུ་ནུས་ལྡན་བཏང་ནས་ནགས་བཟོ་དོ་དམ་དང་སྲུང་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་མཐུན་རྐྱེན་བསྐྲུན་དགོས་པ། ལས་ཀའི་མྱུར་ཚད་དང་གཞི་གྲངས་བསྡོམས་རྩིས་རྒྱག་པར་དྲང་པོ་དྲང་བཞག་བྱས་ཏེ་ལས་གྲྭ་དེ་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པར་བྱེད་དགོས་པ། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་དམ་པ་དོན་གཉེར་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社