分享按钮

ལྷ་སའི་དབྱིངས།

བོད་ལྗོངས་ཀྱི་དབྱིངས་ཞུགས་རྣམ་པའི་གཙོ་དོན་ཁྲོམ་གཞུང་ཐོག་མའི་མཐོང་ཐོས།

① པར་འདི་ནི་ལྷ་སའི་དབྱིངས་ཀྱི་ཀྲུང་ཧྭའི་ཞིམ་ཟས་ལས་བོད་ཀྱི་བྲོ་བ་ཞེས་པའི་ཞིམ་ཟས་ཁྲོམ་གཞུང་ཡིན་པ། ② པར་འདི་ནི་ཚོང་ལས་ཁྲོམ་གཞུང་ཁུལ་གྱི་རི་མོའི་གྱང་ཡིན་པ། ③ པར་འདི་ནི་རླངས་འཁོར་འཇོག་སའི་ནང་གི་སྐྱེ་ཁམས་ཡུལ་ལྗོངས་ཡིན་པ། ④ པར་འདི་ནི་ལྷ་སའི་དབྱིངས་ཀྱི་མཚོན་རྟགས་རང་བཞིན་གྱི་འཇིམ་བརྐོས་ཡུལ་ལྗོངས་ཡིན་པ། ⑤ པར་འདི་ནི་ལྷ་སའི་དབྱིངས་ཀྱི་མཚན་མོའི་ཡུལ་ལྗོངས་ཡིན་པ། ⑥ པར་འདི་ནི་ཚོང་ལས་ཁྲོམ་གཞུང་ཁུལ་གྱི་དཔེ་རིས་ཡིན་པ། (བུ་ཆུང་གིས་སྒྱུར་ཞུས་བྱས)

ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དང་ཚོང་འགུགས་མ་འདྲེན་རྣམ་གྲངས་གལ་ཆེན་ཡིན་པའི་ལྷ་སའི་དབྱིངས་ཚོང་ལས་ཁྲོམ་གཞུང་དེ་ཟླ་5ཚེས་1ཉིན་དངོས་སུ་ལས་གཉེར་འགོ་ཚུགས་པ་རེད།

ལྷ་སའི་དབྱིངས་ནི་ལྗོངས་ཡོངས་ཀྱི་དབྱིངས་ཞུགས་རྣམ་པའི་གཙོ་དོན་ཚོང་ལས་ཁྲོམ་གཞུང་ཁུལ་ཐོག་མ་དེ་ཡིན་པ་དང་།ཚོང་ལས་ཁྲོམ་གཞུང་ཁུལ་དེ་སྣེའུ་ཟམ་ཆེན་གྱི་ནུབ་ཕྱོགས་སུ་གནས་ཤིང་།མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་4.7ཙམ་བཏང་བ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་44000ལས་བརྒལ་ཡོད་པ་རེད།གནའ་ཉམས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ལས་འཛུགས་སྐྲུན་ཚོགས་པ་8ལས་གྲུབ་པ་དང་།ས་སྟེང་དུ་ཐོག་སོ་གསུམ་ཅན་གྱི་འཛུགས་སྐྲུན་དང་ས་འོག་གི་ཐོག་སོ་གཅིག་ཅན་གྱི་རླངས་འཁོར་འཇོག་ས་གཉིས་སུ་དབྱེ་ཡོད་པ་དང་།རླངས་འཁོར་འཇོག་སའི་ནང་སྐྱེ་ཁམས་མཛེས་ལྗོངས་13བཀོད་སྒྲིག་བྱས་ཡོད་པ་རེད།ཁྲོམ་གཞུང་གི་ཁོར་ཡུག་བཀོད་སྒྲིག་དང་མཛེས་བཟོ་རྒྱན་སྤྲོས་ཐད་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཅིང་།འཛད་སྤྱོད་པར་སྣེ་མང་ཕུན་སུམ་ཚོགས་པའི་རྣམ་པ་ཉམས་ལེན་ཐུབ་རྒྱུར་སྣང་ཆེན་བྱས་ཡོད།

ལྷ་སའི་དབྱིངས་ཚོང་ལས་ཁྲོམ་གཞུང་ཁུལ་ནི་ལྷ་སའི་ལྟེ་བའི་ས་ཁོངས་སྣེའུ་ཁུལ་གསར་དུ་གནས་པ་དང་།དེ་ནི་ཆུ་བོའི་འགྲམ་དུ་བསྐྲུན་པའི་སྒོ་དབྱེའི་རྣམ་པ་དང་།སྟུག་ཚད་དམའ་བ།འགྲེམས་སྟོན་རྣམ་པའི་རིག་གནས་སྤྲོ་གསེང་ཐོན་ལས་ཤིག་ཡིན་པ་དང་།ལྷ་སའི་འཛད་སྤྱོད་པའི་རིག་གནས་དང་།ཡུལ་སྐོར་།རོལ་རྩེད།ཟས་རིགས་སོགས་ཉམས་ལེན་ལྟེ་གནས་གསར་པ་ཞིག་ཀྱང་ཡིན་པ་དེས་སྣེའུ་ཁུལ་གསར་གྱི་སྟོང་ཆ་བསྐངས་ཡོད་པར་མ་ཟད།ལྷ་སའི་འབྱུང་འགྱུར་གྱི་ཚོང་ལས་ལའང་ཉམས་ལེན་གསར་པ་དེ་བས་མང་བ་དང་དེ་བས་ལེགས་པ་ཞིག་བྱུང་ཡོད།

ལྷ་སའི་དབྱིངས་ཀྱི་ཚོང་ལས་ཁྲོམ་གཞུང་ཁུལ་གྱིས་གཙོ་དོན་ཁྲོམ་གཞུང་དང་དབྱིངས་ཞུགས་རྣམ་པའི་ཉམས་ལེན་ཟུང་འབྲེལ་ལྟེ་བར་བྱས་ནས་གྲོང་མིར་རྒྱལ་སྤྱི་ཅན་དང་།སྤུས་ཚད་ཅན།རྣམ་པ་ཅན་བཅས་ཀྱི་འཛད་སྤྱོད་ཉམས་ལེན་གསར་པ་མཁོ་འདོན་བྱ་རྒྱུ་དང་།ཚོང་ལས་རྣམ་པ་གསར་པའི་ཐོག་ནས་གྲོང་ཁྱེར་གྱི་ཚོང་ལས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་རོགས་རམ་བྱས་ཏེ་གྲོང་ཁྱེར་གྱི་འཛད་སྤྱོད་རིམ་སྤོར་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-02 བོད་ལྗོངས་ཀྱི་དབྱིངས་ཞུགས་རྣམ་པའི་གཙོ་དོན་ཁྲོམ་གཞུང་ཐོག་མའི་མཐོང་ཐོས། 6 6 拉萨日报藏文 c180381.html 1 ལྷ་སའི་དབྱིངས། /enpproperty-->