ཁམས་བཟང་། འདི་ནི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ལག་དེབ་རེད། ཁྱེད་རང་གི་ཅིག་གཟིགས་དང་། སྐུ་མགྲོན་མར་བསྡད་རྗེས་ཞབས་ཞུ་བས་སྐུ་མགྲོན་གྱི་ལག་ཏུ་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ལག་དེབ་སྤྲད་དེ་ཁོང་ཚོར་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཤེས་བྱར་རྒྱུས་མངའ་བྱེད་དུ་བཅུག་ཡོད། འདི་ནི་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་ཀོང་ཧོ་ལའེ་ཤི་ཟ་ཁང་ནང་གི་རྣམ་པ་ཞིག་རེད། ཟླ་4ཚེས་16ཉིན། ཀོང་ཧོ་ལའེ་ཤི་ཟ་ཁང་ལ་མིང་གསར་པ་ཞིག་བཏགས་ཡོད་པ་སྟེ། སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་གཙོ་དོན་ཟ་ཁང་ཞེས་པ་དེ་ཡིན་ཞིང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་མཉམ་ལས་མཉམ་སྐྲུན་ཚོང་དུད་ཞིག་ཏུ་གྱུར་ཡོད།
ཀོང་ཧོ་ལའེ་ཤི་ཟ་ཁང་གི་སྦྱིན་བདག་མ་ཀྲེང་ཀང་གིས་ང་ཚོས་ས་གནས་དེ་གའི་མངགས་གཏོང་ཁང་དང་མཉམ་འབྲེལ་ཐོག་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འདོད་ཆེན་པོ་ཡོད། ད་ཆ་ཁ་བསླུས་རྒྱག་པའི་བྱ་ཐབས་ནི་འདྲ་མིན་སྣ་ཚོགས་ཡོད་པས་གྲོང་མི་མང་ཚོགས་ཀྱི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་གློག་འཕྲིན་གྱི་ཁ་བསླུས་གྱོད་གཞི་སྔོན་འགོག་དང་ཉུང་དུ་གཏོང་ཆེད། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོའི་ཁྲོད་ང་ཚོས་ནུས་ཤུགས་ཕྲན་བུ་འདོན་འདོད་ཡོད་ཅེས་བཤད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社