ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་15ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོཊ་འདུ་གཙོ་སྐྱོང་གནང་ནས་འཚོཊ་ཏེ་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་ཏང་འཛུཊ་སྐྱོང་ལས་དོན་འགོ་ཁྲིད་ཚོཊ་ཆུང་གི་ཚོཊ་འདུ་ཐེངས་དྲུག་པའི་དགོངས་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ཞིང་། 《ལྷ་ས་གྲོང་ཁྱེར་གྱི་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞིར》གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་མ་ཟད། ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གནང་ནས་གསུང་བཤད་གལ་ཆེན་ཐེངས་མང་དང་མཛུབ་སྟོན་གལ་ཆེན་གནང་བ་དེས་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོའི་དམིགས་ཚད་ཀྱི་ལས་འགན་དང་། གཙོ་གནད་བྱེད་ཐབས། སྒྲིག་ཁྲིམས་ཀྱི་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་རང་རྟོགས་ཀྱི་སྒོ་ནས་བསམ་བློ་དང་བྱ་སྤྱོད་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ།ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི“སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུཊ་ཀྱི་དགོས་མཁོ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་བཅས་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་དམ་འཛིན་ཏན་ཏིག་དང་། ཡུན་རིང་རྒྱུན་འཛིན། ཕན་འབྲས་ཐོན་ཐུབ་པར་བྱ་དགོས་ཞེས་གསུངས་པ་རེད།
ཤའོ་ཡིའུ་ཚའེ་ཡིས་དམིགས་ཚད་དང་བླང་བྱ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་དགོས། སྒྲིག་ཁྲིམས་ལ་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་པོར་རྟོགས་པ། སྒྲིག་ཁྲིམས་དམ་པོར་སྲུང་བ་བཅས་བྱས་ཏེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་ཇི་མ་ཇི་བཞིན་སློབ་སྦྱོང་བྱས་ནས་ནང་དོན་གཙོ་བོ་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社