分享按钮

ཁྲུང་ཁྲུང་སྐེ་ནག་གནས་སྤོ་བྱེད་འགོ་ཚུགས་པ།

གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་པའི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྟག་མགོ་ཆུ་མཛོད་ཀྱི་རྣམ་པ་རིམ་བཞིན་འཁྲུག་ཆ་དོད་དུ་གྱུར་ཡོད་ཅིང་། གནས་འདིར་དགུན་སྒྲོལ་བྱེད་བཞིན་པའི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་དག་དཔྱིད་དུས་ཀྱི་གནས་སྤོ་བྱེད་འགོ་ཚུགས་པ་དང་།སེར་གླིང་མཚོའི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་།བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།དེ་བཞིན་ཀན་སུའུ་དང་མཚོ་སྔོན་སོགས་སུ་འཕུར་སྐྱོད་བྱེད་འགོ་ཚུགས་ཡོད། ལོ་རེའི་ཟླ་10པའི་ཟླ་སྨད་དུ་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བསྒྲིགས་ནས་ལྷུན་གྲུབ་རྫོང་དུ་དགུན་སྒྲོལ་བྱེད་པར་ཡོང་གི་ཡོད། ལོ་རྗེས་མའི་ཟླ་3པའི་ཟླ་མཇུག་དང་ཟླ་4པའི་ཟླ་འགོར་རྒྱུད་སྤེལ་བྱ་ཡུལ་དུ་འཕུར་གྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་རེའི་ལྷུན་གྲུབ་རྫོང་དུ་དགུན་སྒྲོལ་བྱེད་པར་ཡོང་མཁན་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་2005ལོའི་1200ལྷག་ཙམ་ནས་2023ལོའི་2500ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད། པར་འདི་ནི་ལྷུན་གྲུབ་རྫོང་སྟག་མགོ་ཆུ་མཛོད་འགྲམ་དུ་གནས་པའི་གྲོང་ཚོའི་མཁའ་དབྱིངས་སུ་ཁྲུང་ཁྲུང་སྐེ་ནག་འཕུར་ལྡིང་བྱེད་བཞིན་པའི་རྣམ་པ་ཡིན་པ།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-21 6 6 拉萨日报藏文 c177969.html 1 ཁྲུང་ཁྲུང་སྐེ་ནག་གནས་སྤོ་བྱེད་འགོ་ཚུགས་པ། /enpproperty-->