(པར་ངོས་དང་པོར་མཐུད)མཁོ་སྤྲོད་སྦྲེལ་ཐག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། དྲ་སྦྲེལ་གྱི་ལྟེ་བའི་ལག་རྩལ་གྱིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ། ཚན་རྩལ་གསར་གཏོད་གྲུབ་འབྲས་ཐོན་ལས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ལ་དམིགས་ནས་གཏམ་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། ལྷན་རྒྱས་དང་མཉམ་དུ་གྲོས་བསྡུར་དང་སྤེལ་རེས་བྱ་རྒྱུ་བྱུང་བ་དང་བསམ་འཆར་དང་གྲོས་འགོ་ཉན་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དེར་བཞུགས་ཨུ་ཡོན་རྣམ་པ་དང་རྒྱ་ཆེའི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་གྱི་ཁོངས་མི། ཚན་རྩལ་རིགས་ཁོངས་དང་ཁོར་ཡུག་ཐོན་ཁུངས་རིགས་ཁོངས་ཀྱི་མི་སྣ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། 2023ལོ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་སྟངས་རྒྱུན་འཁྱོངས་བྱེད་པ། ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་མཚམས་འཕྲལ་ཐག་ཆོད་པོས་སྒྱུར་བ། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་བདེ་བླག་ངང་མངོན་འགྱུར་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་པ་བྱུང་ཡོད། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་ཞིང་། དེ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་སེམས་ཤུགས་དང་བློ་གྲོས་ཀྱང་དེའི་ནང་འདུས་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་རིང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་གྱིས་བློ་སྒྲིལ་སེམས་སྐྱེད་ཀྱིས་རྨང་གཞི་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པའི་བརྗོད་གཙོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཆབ་སྲིད་གྲོས་མོལ་དང་། སྲིད་ཞུགས་སྲིད་མོལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འབྲི་ཆུའི་འབྱུང་ཁམས་སྲུང་སྐྱོང་དམངས་གཙོ་ལྟ་སྐུལ་ནང་རྒྱུན་མཐུད་ཞུགས་པ། མཚོ་འགག་གཡས་གཡོན་གཉིས་པོའི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཡོད་པ་དང་། རྒྱ་ཆེའི་ཚན་རྩལ་ལས་རིགས་ཀྱི་མི་སྣས་ཧུར་བརྩོན་ཆེན་པོས་ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་པ་དང་དེའི་ནང་ཞུགས་པ། ཚན་རྩལ་གསར་གཏོད་ཁྲོད་འབད་པས་ཞུགས་ཡོད། རྒྱ་ཆེའི་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་མི་སྣས་ཆེད་ལས་ཀྱི་བཟང་ཆ་འདོན་སྤེལ་བྱས་ཏེ། གོང་འཕེལ་གཏོང་སྟངས་ལྗང་མདོག་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་གྱིས་ཐའེ་ཝན་ལས་དོན་གྱི་གནས་བབ་ཆེན་པོའི་ཁྲོད་སྔར་བས་ངེས་གནས་གཏན་འཁེལ་དང་། བཟང་ཆ་འདོན་སྤེལ། བྱས་རྗེས་ཧུར་ཐག་འཇོག་པ་བཅས་ཀྱི་སྒོ་ནས་རྒྱལ་ཁབ་ཕྱི་ནང་དང་། གླིང་ཕྲན་ཕྱི་ནང་གི་མཐུན་སྒྲིལ་བྱེད་ཐུབ་པའི་རྒྱལ་གཅེས་སྟོབས་ཤུགས་མཐའ་དག་ལ་སྔར་བས་མཐུན་སྒྲིལ་ཡག་པོ་བྱས་ཏེ། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཟམ་མི་ཆད་པར་སྟོབས་ཆེར་གཏོང་བ་དང་། མེས་རྒྱལ་ཞི་བས་གོང་བུ་གཅིག་གྱུར་གྱི་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། མཚོ་འགག་གཡས་གཡོན་གཉིས་པོའི་ཚན་རྩལ་དང་། ཞིང་ལས། མི་ཆོས་རིག་གནས། གཞོན་ནུ་གོང་འཕེལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མཚོ་འགག་གཡས་གཡོན་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཚན་རྩལ་རིགས་ཁོངས་ཀྱི་ཨུ་ཡོན་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་ཕུགས་བསམ་སྔར་བས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་འགན་འཁྲི་ལྕི་པོ་འཁུར་ཕོད་པ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་སྒུལ་ནུས་གསར་པ་སྐྱེད་སྲིད་བཅས་བྱེད་དགོས། དངོས་སྒྲུབ་ཀྱི་སྒོ་ནས་ཐབས་འདོན་ཇུས་འབུལ་བྱེད་པ་དང་། ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་དང་ཤེས་ལྡན་མི་སྣ་གོང་འཕེལ་སྒྲིག་གཞི་དང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་རམ་འདེགས་བྱེད་པ། ཚན་རྩལ་དཔྱད་འཇོག་མ་ལག་དང་སྐུལ་འདེད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིགས་ཁག་གི་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་སྐུལ་སྤེལ་གཏོང་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། རྒྱ་ཆེའི་ཁོར་ཡུག་ཐོན་ཁུངས་རིགས་ཁོངས་ཀྱི་ཨུ་ཡོན་གྱིས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཆུ་ཚད་མཐོན་པོའི་སྒོ་ནས་སྤུས་མཐོའི་གོང་འཕེལ་ལ་སྲུང་སྐྱོང་དང་འདེགས་སྐྱོར་བྱེད་པའི་ཐད་ལེགས་སྐྱེས་གསར་པ་འབུལ་དགོས། རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོང་གི་མཐའ་ཐིག་བརྟན་པོ་སྲུང་བ་དང་། འབྱུང་ཁམས་ཁོར་ཡུག་ཁུལ་ཁོངས་དབྱེ་ནས་དོ་དམ་ཚོད་འཛིན་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤུས་མཐོའི་གོང་འཕེལ་གྱི་འབྱུང་ཁམས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社