བོད་ལྗོངས་ཉིན་རེའི་ཚགས་པར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ།
ཟླ་3ཚེས་5ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྲོས་ཞིབ་ལ་ཞུགས་པ་རེད། བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གཏམ་བཤད་གནང་བ་རེད། སྐྱེ་ཁམས་ཁོར་ཡུག་པུའི་པུའུ་ཀྲང་ཧོང་རུན་ཆིའུ་ཚོགས་འདུར་ཕེབས་ནས་བསམ་འཆར་ལ་གསན་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོཊ་ཀྱི་འཐུས་མི་ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། བཀྲ་ཤིས་རྒྱལ་མཚན། དཔའ་དར། ལྷག་ཆུང་། བློ་བཟང་རྒྱལ་མཚན། ཀྲང་གོ་ཆིང་སོཊ་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཚང་མས་ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཊ་རིང་ལུཊ་ཀྱི་དགོངས་པ་ལག་ལེན་བསྟར་ཡོད་ལ། གྲུབ་འབྲས་ཕྱོཊ་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་། དམིཊ་ཚད་གཏན་འཁེལ་བྱས་པ་ཚན་རིག་དང་མཐུན་ལ་ལུཊ་དང་མཐུན་པ། བཏོན་པའི་བྱ་ཐབས་སྤྱོད་གོ་ཆོད་པ་བཅས་ཡོད་པས། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། ནུས་སེམས་གཅིག་སྒྲིལ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས། རྦད་དེ་མོས་མཐུན་ཡོད་ལ། བརྩི་བཀུར་མཐའ་གཅིག་ཏུ་ཞུ་གིན་ཡིན་ཞེས་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
འཐུས་མི་ཚོས། 2023ལོ་ནི་ཏང་གི་ཚོཊ་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོཊ་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུཊ་ཀྱི་ལོ་ཞིག་ཡིན། རྙོག་འཛིང་ཤིན་ཏུ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེཊ་དང་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལ་ཕྱོཊ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་སེམས་ཆེན་པོ་དང་ཐུན་མོང་མ་ཡིན་པའི་ཆབ་སྲིད་ཀྱི་ངེས་ཤུགས་ལ་བརྟེན་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་སྟེ་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་བཏང་བས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་འགོ་ཡག་པོ་ཞིག་བཙུགས་པ་དང་གོམ་སྟབས་བརྟན་པོ་སྤོས་པའི་ངོས་འཛིན་གནང་བ་རེད།
འཐུས་མི་ཚོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་པོ་གནང་ནས་བོད་ལྗོངས་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་།2023ལོའི་ཟླ་5པར་ཆེད་མངཊ“2023ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེཊ”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社