分享按钮

ཤའོ་ཡིའུ་ཚའེ་ཡིས་མལ་གྲོ་གུང་དཀར་རྫོང་དུ་བརྟག་ཞིབ་གནང་བ།

ཟླ་3ཚེས་6ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོཊ་ལ་གཟིཊ་པ་དང་འབྲེལ་འཚམས་འདྲི་གནང་ཞིང་། ཡུལ་དངོས་སུ་སྨན་བཅོས་འཕྲོད་བསྟེན་དང་། གྲོང་གསེབ་དར་རྒྱས། ཐོན་ལས་འཕེལ་རྒྱས་སོཊ་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།པར་འདི་ནི་ཤའོ་ཡིའུ་ཚའེ་ཡིས་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོར་གྲོང་ཚོ་རིམ་པའི་རྩ་འཛུཊ་འཛུཊ་སྐྱོང་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོཊ་གནང་བཞིན་པའི་རྣམ་པ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་6ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། ས་གནས་ས་ཐོག་ཏུ་སྨན་བཅོས་འཕྲོད་བསྟེན་དང་། གྲོང་གསེབ་དར་རྒྱས། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་གྲོང་ཨུད་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ།“བཟོ་ལས་རྫོང་ཆེན”གྱི་ཚུགས་གནས་ལ་གཞི་ཚུགས་ཐོག དམིགས་ཚད་ཁ་གསལ་དང་། བསམ་ཕྱོགས་གསལ་འགོད། བྱས་རྗེས་འཇོག་པ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མལ་གྲོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་དགྲ་འདུལ་དང་། ཀྲང་ཁྲུན་དབྱང་། ཀྲེང་ཝུའེ་གོ ཕེང་ཧྥེ་ཡུའེ་བཅས་བརྟག་ཞིབ་དང་ལས་དོན་སྙན་ཞུའི་ཚོཊ་འདུར་ཞུགས་ཡོད།

རྒྱལ་ཁབ་ཀྱི་ཚགས་དམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པའི་ཚོད་ལྟའི་རྫོང་ཞིག་ཡིན་པའི་ངོས་ནས། ཉེ་བའི་ལོ་ཤས་རིང་མལ་གྲོ་གུང་དཀར་རྫོང་གིས་ཚགས་དམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། རྫོང་མི་དམངས་སྨན་ཁང་དུ་སླེབས་སྐབས་ཤའོ་ཡིའུ་ཚའེ་ཡིས་སྨན་དོན་མི་སྣ་དང་ནད་པར་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་སྨན་ཁང་གི་དཔུང་ཁག་འཛུགས་སྐྱོང་དང་། ཚན་ཁག་སྒྲིག་འཛུགས། རྒྱུན་གཏན་གྱི་སྨན་བཅོས། དེ་བཞིན་སྨན་བཅོས་ལུས་རྩལ་གྱི་འཁོར་སྐྱོད་གནས་ཚུལ་བཅས་ཀྱི་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་གཙོ་གནད་ཁོའོ་དང་ཁང་སྟོབས་ཆེར་གཏོང་བ་དང་མཁྲེགས་ཆས་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། རྫོང་ཁོངས་ཀྱི་སྨན་བཅོས་སྤྱི་འབོར་སྔར་བས་ཏན་ཏིག་དང་སྟོབས་ཆེར་བཏང་ནས།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-08 6 6 拉萨日报藏文 c177016.html 1 ཤའོ་ཡིའུ་ཚའེ་ཡིས་མལ་གྲོ་གུང་དཀར་རྫོང་དུ་བརྟག་ཞིབ་གནང་བ། /enpproperty-->