2024ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འགོ་ཚུགས་ལ་ཉེ་ཞིང་།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་དང་།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་པའི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།
འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་།ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད།ལོ་རྒྱུས་ཀྱི་གནས་ཚད་གསར་པའི་ཐོག་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱིས་ཁ་ཕྱོགས་གསར་པར་གཞི་ཚུགས་པ་དང་འཆར་གཞི་གསར་པ་བཀོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་གཏོད་ངེས་རེད།
འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་འཁུར།མངགས་བཅོལ་ཟབ་མོ་བློ་ལ་བཅངས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་མཉམ་དུ་དཔྱིད་ཀྱི་ཚོགས་འདུ་གཟབ་རྒྱས་ཐོག་ཞུགས་རྒྱུ་རེད།
རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་དམིགས་ཏེ་ཐུན་མོང་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས།
དཔྱིད་ཀྱི་གནམ་གཤིས་དྲོ་རུ་ཕྱིན་པ་དང་སྦྲགས།ཁྲང་ཁྲུན་ཤིན་ལོང་ལྕགས་ལམ་གྱི་འགག་སྒོ་ནས་དངོས་ཟོག་འདོན་འཇུག་གི་ལས་བྲེལ་ཤིན་ཏུ་ཆེན་པོ་ཡོད།ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར(ཁྲང་ཁྲུན་ནས་ཡོ་རོབ་ཏུ་ཐོན་པའི་དངོས་ཟོག་བྱུར་པོར་བླུགས་པའི་མེ་འཁོར)གྱི་དུང་བརྡ་གྲགས་པ་དང་བསྟུན་ནས་རང་རྒྱལ་ནས་ཐོན་པའི་རླངས་འཁོར་ཁག་གཅིག་སླར་ཡང་ཕྱི་རྒྱལ་གྱི་ཁྲོམ་རའི་ཕྱོགས་སུ་བསྐྱོད་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབྱང་ཡུང་ཤིའུ་ནི་རླངས་འཁོར་ཐོན་སྐྱེད་བྱེད་མཁན་ཁྲོད་ཀྱི་ཁོངས་མི་ཞིག་རེད།ཁོང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་ང་ཚོས་རང་ཉིད་ཀྱི་རླངས་འཁོར་བཟོ་གྲྭ་བསྐྲུན་པ་དང་ན་ནིང་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་རླངས་འཁོར་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་དང་པོར་གྱུར་ཡོད་ཅེས་དང་།མི་རབས་ནས་མི་རབས་བར་མུ་མཐུད་འབད་འཐབ་བྱས་པས་རང་རྒྱལ་འདི་ཉིད་གོམ་པ་རེ་རེ་བཞིན་དར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་ཅེས་བཤད།
སྤྱིར་བཏང་མིན་པའི་ལོ་ཟླའི་ནང་གཟི་བརྗིད་དང་ཕུགས་འདུན་བཀོད་ཡོད།
2024ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དུ་གནས་པ་སྟེ།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་འཁྲུངས་སྐར་འཆར་ཉེར་ཡོད་པ་དང་། ང་ཚོས་2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུའི་གོམ་སྟབས་སྔར་བས་ཉེ་བ་དང་།དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་།དམངས་གཙོ།ཤེས་དཔལ།ཞི་མཐུན།མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱ་རྒྱུ་རེད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་དུས་རབས་གསར་པ་འདིའི་འགྱུར་མེད་གནས་ལུགས་མཐའ་འཁྱོངས་བྱ་རྒྱུར་དམིགས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་དོན་ཆེན་གྲོས་བསྡུར་དང་ཇུས་ཆེན་འགོད་པའི་སྟེགས་བུ་གལ་ཆེན་ཞིག་དང་ཁྱོན་ཡོངས་ལ་ལྟ་བ་དང་འཕེལ་ཕྱོགས་ཆེན་པོར་རྟོག་ཞིབ་བྱེད་པའི་འགག་རྩའི་སྐར་ཁུང་ཞིག་ཏུ་འགྱུར་རྒྱུ་རེད།
ཞུས་བཟོ་ལས་ཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཏན་ཙེང་ཧའེ་ཡིས་ན་ནིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་བྱ་ཡུལ་དུ་ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ས་ངོས་ཡོངས་སུ་ལྗིད་འདེགས་འཕྲུལ་ཆས་སྤྱད་ནས་རང་རྒྱལ་གྱིས་བཟོས་པའི་ཐོན་རྫས་ཟམ་མི་ཆད་པར་གསར་དུ་བཏོད་པའི་སྙན་ཞུ་ཕུལ་ཞིང་།སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོས་ད་དུང་གོང་མཐོར་བཏང་སྟེ་འབྲིང་རིམ་དང་མཐོ་རིམ་དུ་བསྐྱོད་རྒྱུ་ཡིན་པས་ང་ཚོས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་དེ་འདི་ནས་མཚོན་དགོས་ཞེས་གསུངས་པ་བློ་ལ་བརྟན་པོར་ངེས་ཡོད།
འདི་ལོ་ཁོང་གིས་གཏམ་བཟང་ཞིག་འཁྱེར་ཡོད་པ་སྟེ་ཁེ་ལས་ཀྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འཁོར་དབྱིབས་ལྗིད་འདེགས་འཕྲུལ་ཆས་ཀྱི་ལྗིད་ཚད་མཐོ་ཤོས་ཏུན་4000ཟིན་ཡོད་པ་དེ་རེད།ཏན་ཙིང་ཧའེ་ཡིས་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་དཔུང་འཇུག་བྱེད་པར་ནུས་ཤུགས་ཡོད་རྒུས་གོ་ལ་ཧྲིལ་པོའི་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་རྩེ་མོར་སླེབས་པར་བྱེད་དགོས་ཞེས་བཤད།
རྒྱལ་ཁབ་སྟོབས་ལྡན་བསྐྱར་དར་ཡོང་བར་སྙིང་རུས་གཏན་འཁྱོངས་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཅིན་ལིས་ཏང་གི་ཚོཊ་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་དམིཊ་ཚད་རབ་དང་རིམ་པ་བཏོན་པ་དང་རྒྱལ་ཡོངས་ཀྱི་ཚོཊ་འདུ་གཉིས་ཀྱིས་རྒྱལ་ཁབ་སྟོབས་ཆེར་གཏོང་རྒྱུའི་སྐུལ་སློང་བཀའ་རྒྱ་སླར་ཡང་གཏོང་རྒྱུ་རེད་བཤད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社