分享按钮

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཙུའི་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)དེ་ལག་བསྟར་བྱེད་པའི་གཙོ་དོན་སློབ་གསོའི་ཕྱོགས་སྡོམ་སྙན་ཞུར་གྲོས་ཞིབ་དང་གཙོ་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་བསམ་འཆར་བཅས་འདོན་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་དོན་སློབ་གསོའི་ཕྱོགས་བསྡོམས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དང་། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་ལྷ་ས་གྲོང་ཁྱེར་གྱི་གཙོ་དོན་སློབ་གསོའི་ཕྱོགས་བསྡོམས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ཉན་པ་དང་ཞིབ་འཇུག་བྱས་པ་རེད།

ཧོ་ཕུང་གིས་བླང་བྱ་བཏོན་དོན། དགོངས་པར་སློབ་སྦྱོང་བྱེད་པར་དམིགས་པ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་རྒྱུན་འཁྱོངས་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་སྟེ་སེམས་ལ་ཟུག་པ་དང་བྱ་སྤྱོད་ཡོད་པ་དང་། བསམ་བློ་གཏོང་མཁས་ལ་བེད་སྤྱོད་མཁས་པོ་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ལྟེ་བའི་ལས་འགན་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཞིབ་ཕྲའི་བརྒྱུད་རིམ་ནང་དོན་འཁྱོལ་བྱས་ཏེ་གཙོ་དོན་སློབ་གསོའི་གྲུབ་འབྲས་གཞན་སྒྱུར་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་གཤིས་ལེགས་སུ་གཏོང་རྒྱུར་དམིགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་། ནུས་པ། བྱ་སྤྱོད་བཅས་ལ་སྦྱོང་བརྡར་དེ་བས་ལེགས་པ་ཐོབ་པར་བྱས་ཏེ་ཏང་གཤིས་བློ་སྦྱོང་སྔར་བས་ཞུན་བརྡར་བྱེད་པའི་ཐད་མུ་མཐུད་ཤུགས་རྒྱག་དགོས་པ། ལག་ལེན་ལ་མཐོང་ཆེན་བྱ་རྒྱུར་དམིགས་ཏེ་ངོས་འཛིན་གསར་པ་དང་། བསམ་ཕྱོགས་གསར་པ། བྱ་ཐབས་གསར་པ་བཅས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ་དང་། རང་འགན་གཙང་སྒྲུབ་དང་སྤྱོད་ཚུལ་ལེགས་གཏོང་ཐད་སྔར་བས་ཤུགས་སྣོན་རྒྱག་དགོས་པ། བྱས་རྗེས་གསར་པ་འཇོག་རྒྱུར་དམིགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་དབང་ཁྱོན་ཡོངས་ནས་ལག་བསྟར་ཡག་པོ་བྱེད་པ་དང་། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་བྱས་ནས་ལས་སྟེགས་ཀྱི་གཞི་རྟེན་དང་། ལས་ཀའི་ལམ་སྲོལ། འགན་འཁྲི་སྒྲུབ་སྟངས་གསར་གཏོད་བཅས་ཀྱི་ཐད་སྐུལ་འདེད་ཧུར་ཐག་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཕན་འབྲས་སྔར་བས་མཐོ་རུ་གཏོང་རྒྱུའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རང་གྲོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་མི་དམངས་འཐུས་ཚོགས་ཀྱི་བྱས་རྗེས་གསར་པ་མངོན་པར་བྱེད་དགོས།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་དང་། ཀྲེང་ཝུའེ་གོ། ཕང་ཧྥེ་ཡུའེ། ཟླ་བ། ཚེ་རིང་དོན་གྲུབ་བཅས་དང་དེ་བཞིན་དྲུང་ཆེ་ཧོའུ་ཅིང་ཧྭ་ཚོགས་འདུར་ཞུགས་ཡོད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-28 6 6 拉萨日报藏文 c176570.html 1 གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཙུའི་ཚོགས་འདུ་འཚོགས་པ། /enpproperty-->