འགྲུལ་པ་བདེ་འཇགས་ངང་འགྲོ་སྐྱོད་ཐུབ་རྒྱུར་འགན་ལེན་བྱ་ཆེད།མཚོ་བོད་ལྕགས་ལམ་ལྷ་སའི་རྨང་གཞིའི་སྒྲིག་བཀོད་ས་ཚིགས་ཀྱིས་བར་གསེང་གི་དུས་ཚོད་སྤྱད་དེ་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་རླུང་འགོག་ཆར་གཡབ་ཀྱི་གློག་སྒྲོན་སྒྲིག་ཆས་གསར་དུ་བརྗེས་ཤིང་། པར་འདི་ནི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་ས་ཚིགས་སྡོད་ཁང་འཛུགས་སྐྲུན་ཕྱོགས་བསྡུས་སྲུང་སྐྱོང་འཁོར་ཁང་གི་ལས་བཟོ་བས་གློག་སྒྲོན་བརྗེ་བཞིན་པའི་གནས་ཚུལ་ཡིན་པ། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)