分享按钮

ཆུ་ཤུར་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་ དམིགས་ཏེ་གྲོང་གསེབ་ཀྱི་རྣམ་པ་སྔར་བས་ལེགས་སུ་བཏང་བ།

2023ལོ་ནས་བཟུང་།ཆུ་ཤུར་རྫོང་གི་རིམ་ཁག་ཚན་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་གཙོ་གནད་ལས་འགན་ལ་བརྩིས་ནས་དམ་འཛིན་བྱས་ཤིང་།ད་ཆ་གྲོང་ཚོའི་ཁོར་ཡུག་གཙང་ལ་གྲལ་འགྲིག་པ་དང་གོ་རིམ་ལྡན་པ་ཞིག་ཡོད་པས།ཞིང་འབྲོག་མང་ཚོགས་ཀྱི་ཁོར་ཡུག་འཕྲོད་བསྟེན་གྱི་འདུ་ཤེས་ལ་དགའ་འོས་པའི་འགྱུར་ལྡོག་ཕྱིན་པ་དང་འཚོ་བའི་སྤུས་ཚད་ཡོངས་ཁྱབ་ངང་ལེགས་སུ་ཕྱིན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

གྲོང་ཚོའི་ལམ་བུ་ཁོད་སྙོམས་པ་དང་ཡངས་ཤིང་གཙང་བའི་སྤྲོ་གསེང་ཁུལ་སོགས་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས།ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཚ་རགས་གྲོང་ཚོའི་ཚོགས་ཆུང་དྲུག་པའི་ཙུའུ་ཀྲང་བསོད་ནམས་པ་སངས་ཀྱིས་དེ་མ་ཉིད་དུ་བསྔགས་བརྗོད་བྱས་པ་སྟེ།སྔོན་ཆད་ཚ་རགས་གྲོང་ཚོ་ནི་ཡུལ་ལྗོངས་གཞན་ཞིག་ཡིན་པ་དང་།རླངས་འཁོར་གཉིས་ཁ་གཏད་དུ་ཐུག་པ་དང་རླངས་འཁོར་ཕྱིར་ཤོལ་རྒྱག་དགོས་ཚེ་ལམ་བུ་གུ་དོག་པའི་ཁར་ལམ་འགྲམ་གྱི་བུད་ཤིང་རིང་བས་མདུན་གྱི་ལམ་བུ་སྒྲིབ་ནས་རླངས་འཁོར་གཏོང་བདེ་པོ་མེད་པ་རེད།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་ཆེན་མོའི་སྤེལ་རྗེས་ལམ་བུ་རྒྱ་ཆེར་ཕྱིན་ནས་རླངས་འཁོར་འཇོག་ས་གསར་དུ་བཟོས་པ་དང་སླར་ཡང་སྔོ་འགྱུར་བྱས་པ་མ་ཟད།གྲོང་ཚོའི་ཁོར་ཡུག་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

བསོད་ནམས་པ་སངས་ཀྱིས་དེ་སྔ་མང་ཚོགས་ཀྱི་ཁྱིམ་དུ་རྡིབ་པའི་གྱང་རོ་དང་།གང་སར་འཁྱམས་པའི་ཕྱུགས་རིགས།གད་སྙིགས་བཅས་གང་སར་མཐོང་རྒྱུ་ཡོད།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་རྗེས་རྫོང་སྲིད་གཞུང་གི་རོགས་རམ་འོག་ང་ཚོའི་ཁང་པའི་གྱང་ལ་ཞིག་གསོ་བྱས་པ་དང་།དེ་སྔའི་གློག་སྐུད་ཟང་ཟིང་ཡང་གྲལ་འགྲིག་པོར་བཅོས་ཡོད་པས།ཕྱོགས་གང་ཅིའི་ཐད་སྔར་བས་ལེགས་སུ་སོང་ཡོད་ཅེས་བཤད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-28 6 6 拉萨日报藏文 c176558.html 1 ཆུ་ཤུར་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་ དམིགས་ཏེ་གྲོང་གསེབ་ཀྱི་རྣམ་པ་སྔར་བས་ལེགས་སུ་བཏང་བ། /enpproperty-->