分享按钮

ས་གནས་ཁག་གིས་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱས་པ།

(པར་ངོས་གཉིས་པར་མཐུད)མཛེས་ལྗོངས་ཁུལ་དང་བྱེད་སྒོའི་མངགས་ཐོ་ནས་བལྟས་ན། དང་པོའི་བཅོ་ལྔའི་དུས་ཆེན་གྱི་སྔ་རྗེས་སུ་ཀོང་ཀྲོའུ་དང་ཧྲང་ཧའེ་སོགས་གྲོང་ཁྱེར་ཁག་གིས་གཉེར་བའི་ལྒང་བཞུའི་འདུ་ཚོགས་དང་དེ་བཞིན་སྤྲོ་གསེང་བྱེད་སྒོ་ཆེ་གྲས་ནང་ཞུགས་མཁན་གྱི་ལྟད་མོ་བའི་ཁྲོད་མང་ཆེ་བ་ནི་མཐའ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཡུལ་སྐོར་བ་ཡིན་པ་རེད།

སི་ཁྲོན་ཙེ་ཀུང་གིས་ཧྥུའུ་ཧྲུན་སྲན་མའི་མེ་ཏོག་གི་རིག་གནས་ཡུལ་སྐོར་དུས་ཚིགས་དང་མཚན་མོ་ཧྥུའུ་ཤིས་སུ་ཡུལ་སྐོར་བྱེད་སོགས་དམངས་སྲོལ་རིག་གནས་བྱེད་སྒོ་ཁྱབ་གདལ་བཏང་ནས་མང་ཚོགས་མི་ཐེངས་ཁྲི་112ལྷག་ཙམ་ཞུགས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།ཟླ་2ཚེས་2ཉིན་སྒོ་བ་ཕྱེ་ནས་ད་ལྟ་བར་ཙེ་ཀུང་ཀྲུང་ཧྭའི་ཚོན་ཁྲ་ཅན་གྱི་ལྒང་བཞུའི་བྱེད་སྒོར་ཡུལ་སྐོར་བ་མི་ཐེངས་ཁྲི་85ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་བརྒྱ་ཆ་24.5འཕར་བ་དང་། སྤ་སེའི་ཡོང་འབབ་སྒོར་ཁྲི་9000ལས་བརྒལ་བ་དེ་དུས་མཚུངས་ལས་བརྒྱ་ཆ་7ཙམ་འཕར་ཡོད་པ་རེད།

འཁྲུག་ཆ་དོད་པའི་དུས་ཆེན་ཁྲོད་མང་ཚོགས་མང་པོ་ཞིག་ལ་དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་རག་ཡོད། དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་ཤིན་ཅང་ཝུའུ་སུའུ་གྲོང་ཁྱེར་ཀན་ཧོ་ཙེ་གྲོང་རྡལ་ཝང་ཤང་ཀྲོང་ཙེ་གྲོང་ཚོའི་གྲོང་མིས་ཤིན་ཅང་གི་ཁྱད་ལྡན་ཐོན་རྫས་ཨའེ་ཏེ་ལའེ་སིའི་དར་གོས་རྒྱུ་ཆ་སྤྱད་དེ་འབྲུག་10བཟོས་པའི་ནང་འབྲུག་8རྫོང་དང་གྲོང་ཁྱེར་གཞན་དག་ལ་བཙོངས་པར་འབྲུག་རེར་ཡོང་འབབ་སྒོར་8000ཙམ་བྱུང་ཡོད་པ་རེད།

ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཏའེ་པིན་གྱིས་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱ་རྒྱུ་དེ་ནི་འཛད་སྤྱོད་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན་པས། ལོ་གསར་དང་དུས་ཆེན་སྐབས་འཁྲུག་ཆ་དོད་པའི་སྣང་ཚུལ་དེ་སྔར་བས་རྒྱུན་རྣམ་ཅན་གྱི་ཐོན་ཁུངས་སུ་འགྱུར་བར་བྱས་ནས་དུས་ཆེན་གྱི་རྣམ་པ་མུ་མཐུད་འཁྲུག་ཆ་དོད་པོ་ཡོང་བར་བྱེད་དགོས་ཞེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་24ཉིན་འབྱོར་བའི་གློག་འཕྲིན)

(བསྟན་རྡོར་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-26 6 6 拉萨日报藏文 c176460.html 1 ས་གནས་ཁག་གིས་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱས་པ། /enpproperty-->