ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། རང་གྲོང་གིས་2023ལོའི་ལྷ་ས་གྲོང་ཁྱེར་གྱི་སྙིགས་རོ་མེད་པའི་ཚན་པ་བཏོད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། གྲོང་ཁྱེར་ནོར་སྲིད་ཅུས། གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་སོགས་ཚན་པ་20མིང་ཐོའི་ནང་ཚུད་པ་དེའི་ཐོག་ནས་རང་གྲོང་གིས་སྙིགས་རོ་མེད་པའི་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་གལ་ཆེན་བྱུང་བ་མཚོན་ཡོད།
སྙིགས་རོ་མེད་པའི་ཚན་པ་གཏོད་པའི་ལས་དོན་ཁྲོད་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར་བཅས་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ།སྙིགས་རོ་མེད་པའི་ཚན་པ་གཏོད་རྒྱུ་གོ་སྐབས་སུ་བྱས་ནས་གསར་གཏོད་ལས་དོན་དེ་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ནང་ཁྱབ་པར་བྱས་པ་དང་།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社