ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་28ཉིན་གྱི་ཕྱི་དྲོར། གྲོས་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མཉམ་དུ་གཉེར་བའི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་སྐབས་གསུམ་པའི་མི་དམངས་ཉེན་རྟོག་པ་ཡག་ཤོས་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་བུ་འོད་སྟོང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་། གྲོང་སྤྱི་གཞོན་པ་པ་སངས་རྡོ་རྗེ་བཅས་ཚོགས་འདུར་ཞུགས་པ་རེད།
བྱེད་སྒོ་སྤེལ་འགོ་ཚུགས་པའི་སྐབས་གནས་ཚུལ་བརྗོད་པ་དང་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་ད་ཆའི་འགྱུར་ལྡོག་ཆེན་པོར་ཕྱིར་དྲན་བྱས་ཤིང་། བྱེད་སྒོ་ཧྲིལ་པོ་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས་བྱས་རྗེས་གསར་པ་འཇོག་དགོས་ཞེས་པ་གཙོ་དོན་དུ་བྱས་ཏེ་ཐོག་མའི་བསམ་འདུན་གྱི་ལས་འགན་དང་། ཉེན་རྟོག་པ་ཡག་ཤོས། ལས་རོགས་ཉེན་རྟོག་པ་ཡག་ཤོས། ཡག་ཤོས་ལ་གུས་འདུད་ཞུ་བ་བཅས་ལེའུ་ལྔ་ལ་དབྱེ་ནས་སྤེལ་བ་དང་། རྒན་ཡོལ་ཞུས་པའི་མི་དམངས་ཉེན་རྟོག་པའི་འཐུས་མི་དང་ཉེན་རྟོག་པ་གསར་པའི་དབར་རྒྱུན་འཛིན་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་རེད། ཤའོ་ཡིའུ་ཚའེ་སོགས་འགོ་ཁྲིད་ཀྱིས་མི་དམངས་ཉེན་རྟོག་པ་ཡག་ཤོས་ཀྱི་མཚན་སྙན་ཐོབ་པའི་མི་དམངས་ཉེན་རྟོག་པར་བྱ་དགའ་སྤྲད་པ་དང་འབྲེལ། ཚང་མ་དང་མཉམ་དུ་སྤྱི་བདེའི་མི་དམངས(ལས་རོགས)ཉེན་རྟོག་པས་འཁྲབ་སྟོན་བྱས་པའི་ངོ་མཚར་ཆེ་བའི་ལེ་ཚན་ལ་གཟིགས་པ་རེད།
བྱེད་སྒོའི་ཐོག་བརྙན་ཐུང་བསྟན་པ་དང་། ཡུལ་དངོས་སུ་བཅར་འདྲི་བྱེད་པ། འཁྲབ་ཚན་ཟློས་གར། གླུ་གཞས། ཞབས་བྲོ།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社