分享按钮

ལྷུན་གྲུབ་རྫོང་གིས་གཞི་རིམ་དུ་བསྐྱོད་པ་བཞིར་སྐུལ་འདེད་བཏང་ནས་གཙོ་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བ།

ལྷུན་གྲུབ་རྫོང་གིས་གཞི་རིམ་དུ་བསྐྱོད་པ་བཞིར་སྐུལ་འདེད་བཏང་ནས་གཙོ་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བ།

(པར་ངོས་གསུམ་པར་མཐུད)གཞི་རིམ་གྱི་གནད་དོན་རིགས་ཁག་ཐག་གཅོད་ཏན་ཏིག་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་དངོས་གཉེར་ཡོང་བའི་འགན་ལེན་ཏན་ཏིག་བྱས་ཡོད།

མང་ཚོགས་ཀྱི་རེ་ཞུ་དེ་བློ་ཡིད་ཚིམ་པའི་སྟོན་གྲངས་སུ་གྱུར་བ།

འགོ་ཁྲིད་ལས་བྱེད་པས་གཞི་རིམ་དུ་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུས་ཏེ་དངོས་དོན་སྒྲུབ་པ་ཞེས་པའི་བྱེད་སྒོའི་བཀོད་སྒྲིག་ལྟར། ལྷུན་གྲུབ་རྫོང་གི་ཚན་ཁག་ཆེན་པོ་བཞི་དང་། རྫོང་རིམ་པའི་འགོ་ཁྲིད་ཀྱིས་མང་ཚོགས་ཀྱི་ཁེ་ཕན་རེ་འདོད་ཞུ་བའི་ཐབས་ལམ་ཟམ་མི་ཆད་པར་ཤར་བགྲོད་ཐུབ་པ་དང་། མང་ཚོགས་ངོ་བཅར་དུ་ཡོང་བ་དེ་འགོ་ཁྲིད་གཤམ་འོག་ལ་བཅར་འདྲིར་སྐྱོད་པར་བསྒྱུར་ཡོད། རྫོང་དང་ཤང་གི་དམངས་ཕན་ཞབས་ཞུ་ལྟེ་གནས་དང་གྲོང་ཚོའི་དམངས་བདེའི་ཞབས་ཞུ་ས་ཚིགས་སུ་བྱས་ཏེ་གཏན་འཁེལ་གྱི་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བའི་ཉིན་མོ་དང་གཞི་རིམ་དུ་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བའི་ལམ་ལུགས་བཙུགས་ནས་ངལ་རྩོལ་གྱི་རྩོད་གཞི་དང་སྤྱི་ཚོགས་རོགས་སྐྱོབ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་མང་ཚོགས་ཀྱི་རེ་ཞུ་ཉན་པ་དང་། ཆེད་དོན་རྩིས་ཁྲ་བཟོ་བ། དུས་བཀག་ཐོག་བརྡར་དཔྱོད་དང་དབྱེ་ཞིབ་བྱེད་པ། འབྱུང་རྩར་སྐྱོན་བཤེར་དང་དབྱེ་ཞིབ། གཅིག་ཤེས་ཀུན་གྲོལ་གྱིས་འགལ་ཟླ་སེལ་ཐུབ་པ་བཅས་བྱས་ཡོད། མིག་སྔའི་བར་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་གཞི་རིམ་དུ་ངོ་བཅར་ཡོང་མཁན་མི་ཐེངས་32ལ་སྣེ་ལེན་ཞུས་ནས་ཡིག་བསྐུར་ངོ་བཅར་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་དང་། མགྱོགས་མྱུར་ཐག་གཅོད། ནུས་ལྡན་ངང་ཐག་གཅོད་བཅས་བྱས་ཏེ་འགལ་ཟླ་འབྱུང་རྩ་ནས་བསལ་བ་དང་ཆུང་དུས་ནས་ཐག་གཅོད་བྱས་པ་རེད།

རེ་ཞུ་འཕྲལ་མར་སྒྲུབ་པ་དེ་རེ་ཞུ་མ་བྱས་སྔོན་ལ་སྒྲུབ་པར་གྱུར་བ།

ལྷུན་གྲུབ་རྫོང་གིས་སྤྱོད་ཚུལ་འཛུགས་སྐྱོང་ལོ་དང་། གཞི་རིམ་བཅོས་སྐྱོང་ལོ། མ་འཇོག་དོན་འཁྱོལ་ལོ་བཅས་དམ་འཛིན་བྱ་གཞིར་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་རྫོང་རིམ་པའི་ལས་བྱེད་པའི་འགན་ལེན་ལམ་སྲོལ་ཁྱབ་གདལ་བཏང་ཞིང་། ལྷུན་གྲུབ་རྫོང་ཨུད་དཔུང་ཁག་གིས་སྔ་རྗེས་སུ་ཤང(གྲོང་རྡལ)10དང་། གྲོང་ཚོ་དང་ཚོགས་ཆུང་དང་ལས་དོན་རུ་ཁག་46ལ་བསྐྱོད་ནས་ཡུལ་དངོས་སུ་གཙོ་དོན་སློབ་གསོ་དང་། ནུས་མེད་ཟབ་ཟོབ་བཅོས་སྒྲིག བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་དང་གྲོང་ཚོར་བཅའ་སྡོད་སོགས་ཀྱི་ལས་དོན་སྤེལ་བའི་བརྒྱུད་རིམ་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད། འགལ་ཟླ་གཅིག་སྡུད་ཀྱི་གནད་དོན་ཤེས་རྟོགས་བྱས་པ་རེད། ལྷུན་གྲུབ་རྫོང་སྲིད་གཞུང་དཔུང་ཁག་གིས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་དམིགས་ཏེ་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་གཞི་སྒྲུབ་གཉེར་བྱས་པ་དང་3+3གྱི་ཞིང་འབྲོག་ལས་སྒྱུར་བཅོས་ཚོད་ལྟ་སོགས་ཀྱི་ལས་དོན་གྲོང་ཚོ་དང་ཚོགས་ཆུང་དུ་གཏིང་ཟབ་སྤེལ་ནས་འཕྲད་པའི་འགག་གནད་དང་དཀའ་གནད་ལ་ཤེས་རྟོགས་བྱེད་པར་བསྐྱོད་པ་རེད། སྔ་རྗེས་སུ་ཁམས་བཟང་གྲོང་ཚོར་ཐེངས་15བསྐྱོད་དེ་གནས་སྤོས་མང་ཚོགས་ལ་འཕྲད་པའི་ཛ་དྲག་གི་བྱ་བ་དང་། གལ་ཆེའི་བྱ་བ། ཐོལ་བྱུང་གི་བྱ་བ་བཅས་མཐུན་སྦྱོར་ངང་ཐག་གཅོད་བྱས་པ་རེད། ལྷུན་གྲུབ་རྫོང་མི་དམངས་འཐུས་ཚོགས་དཔུང་ཁག་གིས་ཤང(གྲོང་རྡལ)10ཡི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་བསྒྲུབས་ཚུལ་ལ་ཞིབ་བཤེར་གཏིང་ཟབ་བྱས་པ་དང་། ཞིབ་དཔྱོད་དང་། ཁྲིམས་ཁང་། ཁྲིམས་འཛིན་ཅུས་དང་མཉམ་འབྲེལ་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་བཅའ་ཁྲིམས》དྲིལ་བསྒྲགས་དང་ལག་བསྟར་གྱི་བརྟག་ཞིབ་ཆེན་མོ་བྱས་པ་རེད། ལྷུན་གྲུབ་རྫོང་སྲིད་གྲོས་དཔུང་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་། གཞི་རིམ་ཨུ་ཡོན་གྱི་འགན་ནུས་སྒྲུབ་པ། ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི་བཅས་ལ་དམིགས་ནས་འདུམ་འགྲིག་བྱས་པ་དང་། མཁར་རྩེ་ཤང་དང་། གསུམ་འཕྲེང་ཤང་། མཚོ་སྟོད་ཤང(གྲོང་རྡལ)སོགས་སུ་ཟབ་སྐྱོད་བྱས་ཏེ་མང་ཚོགས་ལ་སྲིད་ཇུས་ཤོད་པ་དང་། བསམ་ཕྱོགས་འདོན་པ། བྱ་ཐབས་འཚོལ་བ། འགལ་བ་སེལ་བ། སེམས་ཁྲལ་སེལ་བ་བཅས་བྱས་ཡོད། མིག་སྔའི་བར། ཡུལ་དངོས་སུ་གཞུང་དོན་སྒྲུབ་སྐབས་གནད་དོན་40ལྷག་ཙམ་བསལ་བ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་གཙོ་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-20 6 6 拉萨日报藏文 c174276.html 1 ལྷུན་གྲུབ་རྫོང་གིས་གཞི་རིམ་དུ་བསྐྱོད་པ་བཞིར་སྐུལ་འདེད་བཏང་ནས་གཙོ་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བ། /enpproperty-->