分享按钮

ཞི་ཅིན་ཕིང་གིས་དབྱི་རན་ལ་འཇིཊ་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐོན་པར་དབྱི་རན་གྱི་སྲིད་འཛིན་ལའེ་ཞི་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་4ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་རན་ལ་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐོན་པར་དབྱི་རན་གྱི་སྲིད་འཛིན་ལའེ་ཞི་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།

ཞི་ཅིན་ཕིང་གིས་ཁྱེད་ཚོའི་རྒྱལ་ཁབ་ཀྱི་ཁར་མན་ཞིང་ཆེན་དུ་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་ཤེས་རྟོགས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུ་རྒྱུ་དང་རྨས་མ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-06 6 6 拉萨日报藏文 c173282.html 1 ཞི་ཅིན་ཕིང་གིས་དབྱི་རན་ལ་འཇིཊ་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐོན་པར་དབྱི་རན་གྱི་སྲིད་འཛིན་ལའེ་ཞི་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ། /enpproperty-->