分享按钮

ཏིང་ཅུན་ཧུའེ་དང་ལོ་ཉི་ཨའོ་ཧྲ་ལི་ཝུན་རྣམ་གཉིས་ཀྱིས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཕྲུ་གུར་འཚམས་འདྲི་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་1ཚེས་1ཉིན་གྲོང་ཁྱེར་ལུས་རྩལ་ཅུས་དང་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བའི་ཕེབས་རོགས་འོག་ཏིང་ཅུན་ཧུའེ་དང་ལོ་ཉི་ཨའོ་ཧྲ་ལི་ཝུན་རྣམ་གཉིས་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་འཚོགས་པའི་2023ལོའི་ལྷ་སའི་ཡང་རྩེའི་འགྲན་བསྡུར་ཅེས་པའི་སི་ནོ་ཁེ་སྒྲོམ་སྟེགས་སྤོ་ལོ་མཁས་པའི་རྩེར་སོན་འགྲན་བསྡུར་གྱི་སྤྱི་ཕན་བྱེད་སྒོའི་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས་ཡོད་པ་རེད།

ཏིང་ཅུན་ཧུའེ་དང་ལོ་ཉི་ཨའོ་ཧྲ་ལི་ཝུན་དང་བཅས་པ་དང་ཐོག་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་སྒྲོལ་དཀར་དང་སྐལ་བཟང་ཆོས་སྒྲོན་གྱི་ཁྱིམ་དུ་བསྐྱོད་དེ་ཕན་བདེ་ཁང་གི་ཨ་མ་དང་ཕྲུ་གུ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཏིང་ཅུན་ཧུའེ་དང་ལོ་ཉི་ཨའོ་ཧྲ་ལི་ཝུན་རྣམ་གཉིས་ཀྱིས་ཕྲུ་གུ་ཚོར་སློབ་སྦྱོང་ལ་འབད་བརྩོན་དང་། སྐྱོན་བྲལ་ངང་འཚར་ལོངས་ཡོང་བ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བཅས་བྱས་ཏེ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་དགོས་པའི་ཁ་ཏ་བསླབ་བྱ་གནང་བ་དང་འབྲེལ་ཁྱིམ་ཚང་མི་རེ་ངོ་རེ་དང་དྲན་རྟེན་གྱི་སྐུ་པར་ཡང་བསྐྱོན་པ་རེད།

ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་གྲོང་ཁྱེར་ལུས་རྩལ་ཅུས་དང་། གྲོང་ཁྱེར་དམངས་སྲིད་ཅུས། འགྲན་བསྡུར་ཀུང་སི་བཅས་ཀྱིས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་ལ་སྒོར་ཁྲི་7རི་བའི་ལུས་རྩལ་ཡོ་བྱད་དང་སྒོར་ཁྲི་3རི་བའི་སློབ་སྦྱོང་མཁོ་ཆས་སོགས་ཞལ་འདེབས་བརྒྱབ་པ་རེད། གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་འགན་འཁུར་བས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ལོ་ཆུང་བྱིས་པར་གཅེས་སྐྱོང་བྱེད་པའི་བྱ་སྤྱོད་མུ་མཐུད་སྤེལ་ནས་བྱིས་པ་འཚར་ལོངས་ཀྱི་སྣེ་ཁྲིད་པ་དང་། བྱིས་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་མཁན། བྱིས་པའི་འབྱུང་འགྱུར་གྱི་ཕུགས་འདུན་སྒྲུབ་མཁན་བཅས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་ཏེ་སེམས་ནུས་ཡོད་རྒུས་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-04 6 6 拉萨日报藏文 c173252.html 1 ཏིང་ཅུན་ཧུའེ་དང་ལོ་ཉི་ཨའོ་ཧྲ་ལི་ཝུན་རྣམ་གཉིས་ཀྱིས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཕྲུ་གུར་འཚམས་འདྲི་གནང་བ། /enpproperty-->