分享按钮

ཞི་ཅིན་ཕིང་ཀྲུང་ཧྥེའི་འགོ་ཁྲིད་པ་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་མཐོ་རིམ་གླེང་མོལ་ཚོགས་འདུ་དང་སྐབས་དྲུག་པའི་ཀྲུང་ཧྥེའི་ཁེ་ལས་མཁས་ཅན་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པ་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་མཐོ་རིམ་གླེང་མོལ་ཚོགས་འདུ་དང་སྐབས་དྲུག་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁེ་ལས་མཁས་ཅན་གྱི་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ། 《ཐུན་མོང་ཐོག་ཕྱུག་འགྱུར་ལམ་དུ་བསྐྱོད》ཅེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། ཁོང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ།

ཨ་ཧྥེ་རི་ཁ་དང་མཉམ་དུ་ཕྱོགས་ཡོངས་སྦྲེལ་མཐུད་ཐུབ་རྒྱུར་ཤུཊ་སྣོན་བརྒྱབ་ནས་རྒྱལ་བབ་དང་མཐུན་པ་དང་བསྟུན་མཁས་ཀུན་ཕན། གཉིས་ཕན་གཉིས་ཁེ་བཅས་ཀྱི་འཕེལ་རྒྱས་ཀྱི་འགྲོ་ལམ་བཏོད་དེ་ཐུན་མོང་ཐོག་མི་དམངས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པའི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་དུ། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་མཁན་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འགོ་ཁྲིད་པ་དང་ལྷན་དུ་ཚོགས་རར་ཕེབས་པ་དང་། ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ལོ་གསུམ་གྱི་གོང་། ངས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེཊ་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོཊ་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པའི“མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུ”བཏོན་ཡོད། མིག་སྔར་བྱ་ཐབས་དེ་དག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་འཐབ་ཇུས་སྦྲེལ་མཐུད་ལ་ཤུཊ་སྣོན་རྒྱག་པ་དང་དཔལ་འབྱོར་ཚོང་དོན་འབྲེལ་བ་ཟབ་ཏུ་བཏང་བས་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཕེལ་རིམ་དང་། རྨང་གཞིའི་སྒྲིག་བཀོད་འཛུཊ་སྐྲུན། ཚོང་དོན་དང་མ་འཇོག་སྟབས་བདེ་ཅན། འཇོན་ཐང་ཆེར་གཏོང་། དབུལ་ཕོངས་ཉུང་གཏོང་དང་དམངས་ཕན་སོཊ་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་མྱུར་པོ་བྱུང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཉམ་ལས་ཀྱི་གྲུབ་འབྲས་ཀྱིས་ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་སྐྱིད་སྐྲུན་བཞིན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་མི་འབོར་གྱིས་འཛམ་གླིང་མི་འབོར་གྱི་དྲུག་ཆ་གཅིག་བཟུང་ཡོད་ཨ་ཧྥེ་རི་ཁའི་མི་དམངས་ཚུད་པའི་རྒྱལ་ཁབ་ཁག་གི་མི་དམངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ནི་མིའི་རིཊ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ནང་དོན་ཞིག་རེད་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད། སྔོན་ཆད་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱེད་མཁན་གྱི་སྤུན་ཟླ་ཡིན་ལ་ད་ཆ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་རོཊ་ཟླའང་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མཉམ་ལས་གཉིས་ཕན་གྱི་ཁེ་ཕན་གཅིག་མཐུན་འདུས་གྲུབ་ཅིག་ཏུ་གྱུར་ཡོད། མིའི་རིཊ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་མདུན་གྲལ་དུ་སླེབས་ཡོད་ཅེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལོ་རྒྱུས་རང་བཞིན་གྱི་རྒྱ་སྐྱེད་ཅིག་དང་། ཞུགས་མཁན་ཕྱོགས་གལ་ཆེན་ཞིག་རེད། ཨ་ཧྥེ་རི་ཁའི་རྒྱལ་ཁབ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱས་ནས་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ཨ་ཧྥེ་རི་ཁ་དང་ཕྱོགས་ཡོངས་སྦྲེལ་མཐུད་ཐུབ་རྒྱུར་ཤུགས་སྣོན་རྒྱག་པ། སྲིད་ཇུས་སྦྲེལ་མཐུད་དང་། སྒྲིག་བཀོད་མཉམ་འབྲེལ། ཚོང་དོན་ཤར་གཏོང་། མ་དངུལ་འཁོར་རྒྱུག དམངས་སེམས་གཅིག་མཐུན་བཅས་ལ་སྐུལ་འདེད་བཏང་ནས་རྒྱལ་བབ་དང་མཐུན་པ་དང་། བསྟུན་མཁས་ཀུན་ཕན། གཉིས་ཕན་གཉིས་ཁེ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་གཏོད་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

(མི་དམངས་ཉིན་རེའི་ཚགས་པར་ལས་བཏུས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2018-09-06 6 6 拉萨日报藏文报 c44950.html 1 ཞི་ཅིན་ཕིང་ཀྲུང་ཧྥེའི་འགོ་ཁྲིད་པ་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་མཐོ་རིམ་གླེང་མོལ་ཚོགས་འདུ་དང་སྐབས་དྲུག་པའི་ཀྲུང་ཧྥེའི་ཁེ་ལས་མཁས་ཅན་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ། /enpproperty-->