分享按钮

ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱས་ཏེ་དམངས་སྲོལ་རིག་གནས་རྒྱུན་འཛིན་བྱེད།

ཆུ་ཤུར་རྫོང་གནམ་ཤང་བྱང་སྐར་སྤུན་བདུན་ཡུལ་སྐོར་ཞབས་ཞུ་མཉམ་ལས་ཁང་གིས་ཐབས་མང་མཉམ་སྤྱོད་ཀྱིས་དམངས་སྲོལ་ཡུལ་སྐོར་འཕེལ་རྒྱས་བཏང་བའི་སྐོར་གླེང་བ།

དམངས་སྲོལ་ཡུལ་སྐོར་སྔར་བས་འཕེལ་རྒྱས་ལེགས་པོ་བཏང་སྟེ།ཡུལ་སྐོར་བས་ནང་དོན་ཕུན་སུམ་ཚོགས་པའི་དམངས་སྲོལ་ཡུལ་སྐོར་གྱི་ཞབས་ཞུ་མྱོང་རོལ་ཐུབ་ཆེད།2009ལོ་ནས་བཟུང་།ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོའི་ཡུལ་མི་ཁག་གཅིག་གིས་རང་འགུལ་ངང་དམངས་སྲོལ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལས་ལ་གཞོལ་ཡོད།2011ལོའི་ཟླ་6པར།ཡུལ་སྐོར་ཞབས་ཞུའི་ཁྲོམ་ར་སྔར་བས་ཚད་ལྡན་དུ་གཏོང་བ་དང་།ཡུལ་སྐོར་ཞབས་ཞུའི་རྩ་འཛུགས་ཅན་གྱི་ཚད་གཞི་གོང་མཐོར་གཏོང་བ། ཡུལ་མིའི་ཡོང་འབབ་འཕར་སྣོན་ཡོང་བར་བྱེད་པ་བཅས་ཀྱི་ཆེད་དུ།གནམ་ཤང་སྲིད་གཞུང་གི་ཁྲིད་སྟོན་འོག་ལྗང་གྲོང་ཚོའི་ཡུལ་མིས་མ་དངུལ་གྲབས་གསོག་བྱས་ཏེ་ཆུ་ཤུར་རྫོང་གནམ་ཤང་བྱང་སྐར་སྤུན་བདུན་ཡུལ་སྐོར་ཞབས་ཞུ་མཉམ་ལས་ཁང་ཐོ་འགོད་གསར་འཛུགས་བྱས་ཤིང་།མཉམ་ལས་ཁང་དེར་ད་ཆ་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁུལ་ཞིག་ཡོད་པ་དང་དེར་ཞིང་ལས་རྨོ་འདེབས་རིག་གནས་ཀྱི་ཁྱམས་ར་དང་།ནས་ཆང་བཟོ་ས་དང་བྲོ་བ་མྱོང་ཁང་།ལྷ་མོའི་འགྲེམས་ཁང་།འཇུན་པའི་ཀོ་ཆས་དྲིལ་བསྒྲགས་ཁུལ།ཐང་གའི་རི་མོའི་འགྲེམས་ཁང་།ལག་ཤེས་བཟོ་རྩལ་ཁང་།ཁྱད་ལྡན་ཁང་ཕྱིའི་སྒྱུ་རྩལ་འཁྲབ་སྟོན་དོ་ར་སོགས་འགྲེམས་ཁུལ་9ཡོད།ད་དུང་ཁྱིམ་ཚང་རྣམ་པའི་སྲོལ་རྒྱུན་ལག་བཟོས་བསླས་འཐག་ལས་སྣོན་ཁང་5དང་ཁྱིམ་ཚང་རྣམ་པའི་འཕྲུལ་ཆས་བསླས་འཐག་ལས་སྣོན་ཁང་1ཡོད་པ་རེད།

ཉེ་དུས།གསར་འགོད་པ་བྱང་སྐར་སྤུན་བདུན་ཡུལ་སྐོར་ཞབས་ཞུ་མཉམ་ལས་ཁང་དུ་བསྐྱོད་ཅིང་། ཡངས་ལ་དཀར་ཆ་དོད་པའི་སྒོ་རའི་ནང་འཛུལ་སྐབས།ཐོག་སོ་གཉིས་ཅན་གྱི་ཁང་པ་ཞིག་མཐོང་བ་དང་ཁང་པ་དེ་ནི་བོད་བཟོའི་འཛུགས་སྐྲུན་གྱི་ཉམས་འགྱུར་ཟབ་མོ་ལྡན་པ་དང་།སྒོ་རའི་གཞོགས་གཡོན་ཕྱོགས་སུ་རས་འཐག་འཕྲུལ་འཁོར་རྙིང་པ་ཞིག་བཞག་འདུག

མཉམ་ལས་ཁང་ནང་འཛུལ་སྐབས་ཐོག་སོ་དང་པོའི་འགྲེམས་ཁང་ནང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོས་ཁེངས་འདུག གནམ་ཤང་བྱང་སྐར་སྤུན་བདུན་ཡུལ་སྐོར་ཞབས་ཞུ་མཉམ་ལས་ཁང་གི་འགན་འཁུར་བ་ཕུར་བུ་དབང་གྲཊ་ཀྱིས“བྱང་སྐར་སྤུན་བདུན་གྲོང་གསེབ་དམངས་སྲོལ་ཡུལ་སྐོར་རིག་གནས་བློ་གསར་གླིང་ནི་ཞིང་ལས་རྨོ་འདེབས་རིག་གནས་ཀྱི་བར་ཁྱམས་དང་།ནས་ཆང་གི་བྲོ་བ་མྱོང་རོལ་ཁང་།འགྲེམས་ཁང་།ལག་ཤེས་བཟོ་རྩལ་ཁང་།སྒྱུ་རྩལ་འཁྲབ་སྟོན་སྟེཊ་བུ།དེང་རབས་ཀྱི་ཞིང་ཁྱིམ་ངལ་གསོ་ཁང་སོཊ་ཆ་ཤས་གཙོ་བོ་དྲུག་ལས་གྲུབ་པའི་ཁྲོད་ནང་དོན་ཕུན་སུམ་ཚོགས་ཤོས་ནི་ལག་ཤེས་བཟོ་རྩལ་ཁང་ཡིན་ཞིང་དེར་གཙོ་བོ་ཆུ་ཤུར་རྫོང་གི་ས་གནས་དེ་གའི་ཐོན་ལས་འགྲེམས་སྟོན་བྱས་པ་དང་གཞན་ཡང་ད་དུང་འཇུན་པ་ཉ་གྲོང་གི་ཀོ་ཆས་ལག་ཤེས་བཟོ་རྩལ་དང་།ཐང་ག་འགྲེམས་སྟོན་ཁང་དང་བཟོ་རྩལ་འཁོར་རིམ།དམངས་ཁྲོད་ཀྱི་སྲོལ་རྒྱུན་ལག་ཤེས་འཚེམ་བཟོའི་བཟོ་རྩལ་སོགས་འགྲེམས་སྟོན་བྱས་ཡོད”ཅེས་ངོ་སྤྲོད་གནང་བྱུང་།ཕུར་བུ་དབང་གྲཊ་ཀྱི་སྣེ་ཁྲིད་འོག་གསར་འགོད་པ་ཐོག་སོ་དང་པོའི་འགྲེམས་ཁང་ནང་འཛུལ་བས་མཚར་དུ་དངར་བའི་ལྷ་མོའི་འབག་དང་ལག་བཟོས་ཁུག་མ་གྲལ་འགྲིག་པོའི་སྒོ་ནས་གྱང་ལྡེབས་སུ་སྟར་པ་དང་སྟར་པ་བྱས་ཏེ་བཀལ་ཡོད་པ་དང་།རས་འཐག་འཕྲུལ་ཆས་རྙིང་པ་ཞིག་འགྲེམས་ཁང་གི་དཀྱིལ་དུ་བཞག་པ།སྒྲོམ་སྟེཊ་ཐོག་ད་དུང་བཟོ་ལྟ་སྣ་མིན་སྣ་ཚོཊ་ཀྱི་བོད་མི་རིཊ་ཀྱི་ཁྱད་ཆོས་ལྡན་པའི་མཚོན་ཆའི་རིཊ་དང་མཛེས་རྒྱན་སྒྲིག་ཆས་བཞག་འདུག ཕུར་བུ་དབང་གྲཊ་ཀྱིས་གསར་འགོད་པར“འགྲེམས་ཁང་ནང་བཤམས་སྟོན་བྱས་པའི་དངོས་པོ་དེ་དག་ཚང་མ་ནི་གྲོང་ཚོའི་ལག་ཤེས་སྒྱུ་རྩལ་པའི་ངལ་རྩོལ་གྱི་འབྲས་བུ་ཡིན་ཞིང་།ཡུལ་མི་ཚོའི་རང་འགུལ་གྱི་སྔོན་འགྲོའི་ཆ་རྐྱེན་འོག་འབྲེལ་ཡོད་ཚན་པས་ཁོང་རྣམས་སྒྲིག་འཛུཊ་བྱས་ཏེ་མཉམ་དུ་བསླས་འཐག་དང་།འཚེམ་བཟོ།མཛེས་རིས་སོཊ་ཀྱི་ལག་རྩལ་སྦྱོང་དུ་བཅུག་པར་བརྟེན་ལག་ཤེས་བཟོ་རྩལ་གྱི་རྒྱུན་འཛིན་པ་དང་ཤུལ་འཛིན་མཁན་རིམ་བཞིན་མང་དུ་སོང་བས་དེ་ལྟར་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ཐུབ་པ་མ་ཟད་ས་གནས་དེ་གའི་ཡུལ་མིའི་དཔལ་འབྱོར་གྱི་ཡོང་འབབ་ཀྱང་མཐོ་རུ་སོང་བ་དང་ཆབས་ཅིག་གྲོང་ཚོའི་ཡུལ་སྐོར་གྱི་ཡོང་འབབ་ཀྱང་འཕར་སྣོན་ཤུགས་ཆེན་ཕྱིན་ཡོད”ཅེས་བཤད་བྱུང་།

བྱང་སྐར་སྤུན་བདུན་གྲོང་གསེབ་དམངས་སྲོལ་ཡུལ་སྐོར་རིག་གནས་བློ་གསར་གླིང་གིས་འགྲེམས་འཚོང་གཞི་གཅིག་ཅན་གྱི་གཉེར་སྐྱོང་རྣམ་པ་སྤྱད་ཅིང་།གླིང་ཁུལ་དུ་ལྟ་སྐོར་ལ་ཡོང་བའི་ཡུལ་སྐོར་བས་ས་གནས་དེ་གའི་ཡུལ་སྲོལ་ལ་རྒྱུས་མངའ་གཏིང་ཟབ་ཐུབ་པ་མ་ཟད།ཟོག་ལེགས་གོང་ཁེའི་ལག་ཤེས་ཐོན་རྫས་ཉོ་ཐུབ་ཁར་ད་དུང་ས་གནས་ས་ཐོག་ཏུ་བསླས་འཐག་གི་ལག་རྩལ་སློབ་སྦྱོང་བྱེད་ཆོག་ཅིང་།གནའ་བོའི་ལག་ཤེས་བཟོ་རྩལ་འདི་དག་ལ་དེ་བས་ཐད་ཀར་དུ་མྱོང་རོལ་དང་ཉམས་ལེན་བྱེད་ཐུབ།

ཕུར་བུ་དབང་གྲཊ་དང་གཏམ་གླེང་བྱས་པ་ལས་གསར་འགོད་པར་ཤེས་རྟོཊ་བྱུང་བར།མ་གཞི་བྱས་ན་གནའ་བོའི་ལག་ཤེས་བཟོ་རྩལ་དེ་དག་གི་ས་ཁམས་དང་རིག་གནས་ཀྱི་ཐད་གནམ་ཤང་གིས་ལྷོ་ཁ་གྲོང་ཁྱེར་དང་བསྡུར་ཐབས་བྲལ་བ་དང་ལག་རྩལ་ཐད་གཞིས་རྩེ་དང་འགྲན་ཐབས་བྲལ།འོན་ཀྱང་གནམ་ཤང་ལ་རང་ཉིད་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད།“ང་ཚོས་ནུས་ཤུཊ་ཡོད་རྒུས་ས་གནས་དེ་གའི་ཁྱད་ཆོས་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་།དམངས་སྲོལ་དང་སྤྱི་ཚོཊ་ཀྱི་རིག་གནས་སྣང་ཚུལ་སྣ་ཚོཊ་ཀྱི་ཅ་ལག་ཡག་པོ་བཟོས་ཏེ་ཐུན་མིན་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་དང་སྟབས་བདེ་བའི་འགྲིམ་འགྲུལ་ས་བབ་ཀྱི་དགེ་མཚན་འདོན་སྤེལ་བྱེད་པར་བརྟེན་ནས་ཡུལ་སྐོར་བ་དེ་བས་མང་བ་ལྟ་སྐོར་དུ་ཡོང་བར་ཡིད་དབང་འགུག་རྒྱུ་ཡིན”ཞེས་ཕུར་བུ་དབང་གྲཊ་ཀྱིས་བཤད།

ཕུར་བུ་དབང་གྲཊ་ཀྱིས“དོན་དངོས་ཐོག་ཚོང་དུད་མི་ཉུང་བ་ཞིག་གིས་ལྗང་གྲོང་ཚོའི་བལ་གྱི་རས་དང་ལག་ཤེས་ཐོན་རྫས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ལ།ཚོང་པ་ཁག་གཅིག་གྲོས་མོལ་བྱེད་པར་སླེབས་ཟིན་པ་དང་མི་རིང་བར་ལག་ཤེས་ཐོན་རྫས་དེ་དག་ཁྲོམ་རའི་ཐོག་ཐོན་རྒྱུ་ཡིན་པ་དང་།དུས་མཚུངས་གནམ་ཤང་ལྗང་གྲོང་ཚོའི་ལག་ཤེས་བཟོ་རྩལ་དེའི་ཐོན་ལས་ལ་མིག་སྔར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུཊ་ཆེན་ཐོབ་པ་དང་།ལྗང་གྲོང་ཚོའི་མི་རྣམས་ཀྱིས་ཀྱང་མི་རབས་ནས་མི་རབས་བར་གནས་འདིར་འཚོ་བ་བསྐྱལ་ཞིང་འདི་གར་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་ཡོད་པས་ཁོང་ཚོས་ལྷ་ས་སྐྱིད་ཆུའི་རྒྱུད་ཀྱི་ཤིན་ཏུ་ཟབ་པའི་མི་རིཊ་ཀྱི་རིག་གནས་དག་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་མིག་ལམ་དུ་འགྲེམས་སྟོན་བྱེད་འདོད་ཆེན་པོ་བྱེད་ཀྱི་ཡོད།དེང་གི་དུས་མཚམས་སུ་ང་ཚོའི་ལས་དོན་ནི་དམངས་སྲོལ་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལེགས་པོ་བྱེད་པ་དང་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལེགས་པོ་བྱས་ཏེ་ཡུལ་མི་དེ་བས་མང་བར་ཕན་ཐོབ་པ་དང་འཚོ་བ་དེ་བས་ལེཊ་པོ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས་བྱུང་།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2018-09-06 ཆུ་ཤུར་རྫོང་གནམ་ཤང་བྱང་སྐར་སྤུན་བདུན་ཡུལ་སྐོར་ཞབས་ཞུ་མཉམ་ལས་ཁང་གིས་ཐབས་མང་མཉམ་སྤྱོད་ཀྱིས་དམངས་སྲོལ་ཡུལ་སྐོར་འཕེལ་རྒྱས་བཏང་བའི་སྐོར་གླེང་བ། 6 6 拉萨日报藏文报 c44948.html 1 ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱས་ཏེ་དམངས་སྲོལ་རིག་གནས་རྒྱུན་འཛིན་བྱེད། /enpproperty-->