04

ཨ་རིས་ཟླ་བའི་གོ་ལར་རྟོག་ཞིབ་བྱེད་པའི་འཆར་གཞི་ལེགས་སྒྲིག་བྱས་ནས་གཙོ་ཆེའི་བར་སྣང་ས་ཚིགས་ཀྱི་རྣམ་གྲངས་གནས་སྐབས་མཚམས་འཇོག་བྱས་པ། 2026年03月27日

ཤིན་ཧྭ་གསར་འགྱུར་ཁང་ལུའོ་ཧྲན་ཅི་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ།ཚེས་24ཉིན་ཨ་རིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ཟླ་བའི་གོ་ལའི་འཚོལ་ཞིབ་འཐབ་ཇུས་ལེགས་སྒྲིག་བྱས་ནས་ད་ཡོད་ཀྱི་གཙོ་ཆེའི་བར་སྣང་ས་ཚིགས་ཀྱི་རྣམ་གྲངས་གནས་སྐབས་མཚམས་འཇོག་བྱས་ཏེ་ཟླ་བའི་གོ་ལའི་ཕྱི་ངོས་སུ་རྒྱུན་མཐུད་ལས་སྒྲུབ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྩིས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། གཙོ་ཆེའི་བར་སྣང་ས་ཚིགས་ནི་ཨ་རིའི“ཨར་ཐེ་སྨི་སིའི”འཆར་གཞིའི་ནང་གི་ལྟེ་བའི་སྒྲོམ་གཞི་ཞིག་རེད།ད་ཐེངས་ཀྱི་ལེགས་སྒྲིག་གལ་ཆེན་འོག་ཨ་རིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ད་ཡོད་ཀྱི“གཙོ་ཆེའི་རྣམ་གྲངས”གནས་སྐབས་མཚམས་འཇོག་བྱས་ཏེ་དུས་མཚམས་གསུམ་ལ་དབྱེ་ནས་ཟླ་བའི་གོ་ལའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྩིས་ཡོད་པ་སྟེ། དུས་མཚམས་དང་པོར་ཟླ་བའི་གོ་ལའི་འཁོར་ལོ་འཕེན་གཏོང་དང་དེ་བཞིན་ལག་རྩལ་ཚོད་ལྟ་ར་སྤྲོད་བྱ་རྒྱུ་སོགས་རེད།དུས་མཚམས་གཉིས་པར་ཕྱེད་འཚོ་སྡོད་ལ་འཚམ་པའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་འཇིག་རྟེན་འཕུར་སྐྱོད་པས་དུས་བཀག་ལྟར་བཅའ་སྡོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།དུས་མཚམས་གསུམ་པར་འཇིག་རྟེན་འཕུར་སྐྱོད་པ་ཡུན་རིང་བཅའ་སྡོད་བྱ་རྒྱུ་རེད།

འཆར་འགོད་གསར་ཤོས་ལ་གཞིགས་ན། འདི་ལོ་ཨ་རིས“ཨར་ཐེ་སྨི་སི་ཨང་2པ”རྟགས་ཅན་གྱི་མི་བཞུགས་ཟླ་བའི་གོ་ལར་སྐོར་བ་རྒྱག་པའི་ལས་འགན་ལག་བསྟར་བྱ་རྒྱུ་རེད། 2027ལོར“ཨར་ཐེ་སྨི་སི་ཨང་ཨང་3པའི”ལས་འགན་ལག་བསྟར་བྱས་ནས་ཉེ་འཁོར་གྱི་འཁོར་ལམ་ཐོག་མ་ལག་དང་འཁོར་སྐྱོད་ནུས་པའི་ཚོད་ལྟ་བྱ་རྒྱུ་རེད།2028ལོར“ཨར་ཐེ་སྨི་སི་ཨང་4པ”ཟླ་བའི་གོ་ལར་སྐྱོད་པའི་ལས་འགན་བསྒྲུབ་རྒྱུ་རེད།

ཨ་རིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས།ཨར་ཐེ་སྨི་སི་ཨང་5པ”རྟགས་ཅན་གྱིས་ཚོང་ལས་ཉོ་སྒྲུབ་དེ་བས་མང་བ་དང་སླར་ཡང་སྤྱོད་ཆོག་པའི་མཁྲེགས་ཆས་སྒྲིག་ཆས་ནང་འདྲེན་བྱས་ནས་འགུལ་ཚད་མཐོ་བ་དང་མ་གནས་དམའ་བའི་མི་ཞུགས་ཟླ་བའི་གོ་ལར་འཚོལ་ཞིབ་ཐུབ་པ་བྱ་རྒྱུ་དང་། ཐོག་མའི་དམིགས་ཚད་ནི་ཟླ་བ་དྲུག་རེར་ཟླ་བའི་གོ་ལར་འཛེག་པའི་ལས་འགན་ཐེངས་རེ་བསྒྲུབ་རྒྱུ་དང་འབྲེལ་ལས་འགན་སྒྲུབ་ཚད་རིམ་བཞིན་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

ཨ་རིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ད་དུང་ཚན་རིག་འཚོལ་ཞིབ་ཀྱི་ལས་འགན་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པའི་ནང་འདི་ལོའི་སྟོན་དུས་སུ་འཕེན་གཏོང་དང་ཞིབ་འཇུག་བྱ་རྒྱུའི་མངོན་མེད་དངོས་པོ་སྔ་ཤོས་ཀྱི་ནན་ཤིས་ཀེ་ལེ་སི་ལུའོ་མན་བར་སྣང་རྒྱང་ཤེལ་ཚུད་ཡོད་པ་རེད། 2028ལོར“འབུ་བླ་མ་མ་ཎི”རྟགས་ཅན་འཕེན་གཏོང་བྱས་ནས་སྐར་མ་སྤེན་པ་སྲུང་སྐར་དྲུག་པ་འཚོལ་ཞིབ་བྱ་རྒྱུ། 2028ལོར་ཡོ་རོབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི“ལུའོ་ཧྲ་ལིན་ཏེ་ཕུའུ་ལན་ཁེ་ལིན”རྟགས་ཅན་གྱི་མིག་དམར་རླངས་འཁོར་འཕེན་གཏོང་བྱ་རྒྱུ་བཅས་རེད།

གཞན་ཡང་ཨ་རིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ད་དུང་2028ལོའི་ལོ་མཇུག་གོང་ཉིང་རྡུལ་སྒུལ་ཤུགས་ཀྱི་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་ཐོག་མ“བར་སྣང་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་-1རང་མོས་རྟགས་ཅན”དེ་སྐར་མ་མིག་དམར་ཐོག་འཕེན་གཏོང་བྱ་རྒྱུ་དང་སྦྲགས་སྔོན་ཐོན་ཉིང་རྡུལ་སྒུལ་ཤུགས་ཀྱི་སྐུལ་འདེད་ལག་རྩལ་དེ་བར་སྣང་འཚོལ་ཞིབ་ཚད་ལེན་ཁྲོད་སྤྱོད་རྒྱུར་ར་སྤྲོད་བྱ་རྒྱུ་རེད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)