རྔ་ཆེན་ཁྲོམ་གཞུང་གིས་གཞི་རིམ་དུ་སླེབས་པ་བཞིའི་མཉམ་སློབ་མཉམ་སྒྲུབ་ཀྱི་སྒྲོག་འགྲེལ་ཞབས་ཞུའི་བྱེད་སྒོ་སྤེལ་བ།
(པར་ངོས་དང་པོར་མཐུད)བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཕ་ཡུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་ཏན་ཏིག་འགྱུར་བ་བྱེད་དགོས།སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་དང་།འཕྲལ་མཁོ།སེམས་ཁྲལ།རེ་སྒུག་བཅས་ལ་དམིགས་པ་དང་།རང་འགུལ་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། མང་ཚོགས་ཀྱི་སྙིང་ཉེ་བ་ཡག་པོ་ཞིག་བྱེད་པ། དམངས་ཕན་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་རོགས་རམ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། སེ་འབྲུའི་རྡོག་ལྟར་ཕན་ཚུན་དམ་པོར་སྦྲེལ་བ་བཅས་བྱས་ཏེ་ཐུན་མོང་ཐོག་གཞི་རིམ་བཅོས་སྐྱོང་ནང་ཞུགས་ནས་ཞི་མཐུན་བརྟན་ལྷིང་གི་གཞི་རིམ་རྣམ་པ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། དེ་ཉིན་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་འགན་ལེན་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཁོངས་གཏོགས་ཁུལ་གྱི་མཉམ་སྐྲུན་ཚན་པའི་འཐུས་མི་དང་དེ་བཞིན་གྲོང་མི་མང་ཚོགས་སོགས་མི་100ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)