ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་ཁྲོམ་གཞུང་ཁག་གི་དམངས་སྲིད་ཞབས་ཞུའི་ས་ཚིགས་དང་མཉམ་དུ་སྐྱིད་ཆུ་གཞུང་སྡེ་ཁུལ་གྱི་གྲོང་མིའི་བྱེད་སྒོ་ཁང་དུ་བསྐྱོད་དེ་རྒན་རྒོན་ལ་སེམས་ཁུར་བྱས་ནས་རྒན་གསོའི་དངུལ་སྲུང་བ་དང་མཉམ་དུ་བསླུ་འགོག་ལ་བརྟེན་ནས་དུས་བདེ་སྲུང་ཞེས་པ་གཙོ་དོན་དུ་བྱས་པའི་བསླུ་འགོག་གི་དྲིལ་བསྒྲགས་དང་དྲོ་སྐྱིད་ལྡན་པའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དགའ་སྤྲོ་དང་དྲོ་སོབ་སོབ་ཀྱི་རྣམ་པས་ཁེངས་ཤིང་། ལས་དོན་པས་དེ་གར་ཡོད་པའི་གྲོང་མི་རྒན་གྲས་དང་དེ་བཞིན་ཁོངས་གཏོགས་ཁུལ་གྱི་གཅིན་དུག་ཕོག་པའི་ནད་པར་གློག་འཕྲིན་ཁ་བསླུས་ལ་དོགས་ཟོན་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཆེད་དོན་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་། རྒན་གསོའི་ཁྱབ་ཁོངས་སུ་ཁ་བསླུས་ཀྱི་གྱོད་གཞི་ཐོན་མང་བ་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་བདེ་སྲུང་ཐོན་རྫས་ལ་ཁ་གཡར་ནས་ཁ་བསླུས་རྒྱག་པ་དང་། གཉེན་ཉེར་བརྫུས་ནས་དངུལ་གཡར་བ། རྒན་གསོའི་མ་འཇོག་རྫུས་མ་བྱེད་པ་སོགས་རྒྱུན་མཐོང་གི་ཁ་བསླུས་རྒྱག་ཐབས་དང་དབྱེ་འབྱེད་བྱེད་ཐབས་ཐད་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།
སྒྲོག་འགྲེལ་མཇུག་འགྲིལ་རྗེས། ལས་དོན་པས་དེ་གར་ཡོད་པའི་རྒན་རྒོན་མང་ཚོགས་ལ་རྩམ་པ་དང་། བཟའ་སྣུམ།གོས་འཁྲུད་འདག་ཆུ་སོགས་འཚོ་བའི་མཁོ་ཆས་རེ་རེ་བཞིན་སྤྲད་པར་མ་ཟད། ཚང་མའི་གཟུགས་པོའི་གནས་ཚུལ་དང་འཚོ་བའི་དགོས་མཁོའི་ཐད་དུ་ཡང་སྐད་ཆ་དྲིས་པ་རེད། འགུལ་སྐྱོད་སྟབས་བདེ་མེད་པ་དང་དེ་གར་ཡོང་ཐབས་བྲལ་བའི་མང་ཚོགས་ལ་དམིགས་ནས་ལས་དོན་པ་ད་དུང་ཆེད་མངགས་དུད་ཚང་དུ་བསྐྱོད་དེ་འཚམས་འདྲིའི་དངོས་པོ་བསྐྱལ་བ་དང་དུས་མཚུངས་གཅིག་གཏད་གཅིག་གིས་བསླུ་འགོག་གི་ནང་དོན་སྒྲོག་འགྲེལ་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་བསླུ་འགོག་སྒྲོག་འགྲེལ་དང་དྲོ་སྐྱིད་ལྡན་པའི་འཚམས་འདྲི་བྱེད་པའི་མཉམ་འདྲེས་རྣམ་པ་གསར་གཏོད་བྱས་པས་རྒན་རྒོན་ཚོགས་སྤྱིའི་བདེ་འཇཊ་དོཊ་ཟོན་གྱི་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་པ་དང་མགོ་སྐོར་དང་བསླུ་བྲིད་འགོག་པའི་ནུས་པ་ཆེ་རུ་ཕྱིན་པར་མ་ཟད། རྒན་རྒོན་ཚོགས་སྤྱི་སོགས་ལ་དངོས་དངོས་རྗེན་རྗེན་གྱི་ཐུགས་ཁུར་སྦྱིན་ནས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲཊ་དང་དམངས་འཚོ་འགན་ལེན་ཟུང་འབྲེལ་ནུས་ལྡན་ཐུབ་སྟེ་དྲོ་སྐྱིད་ལྡན་པའི་ཞབས་ཞུ་དང་བདེ་འཇཊ་སྲུང་སྐྱོང་ལ་མཉམ་དུ་སྐུལ་འདེད་ཐེབས་ཡོད།
ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱི་ལས་དོན་པ་དཔལ་འབྱོར་གྱིས་རྗེས་མར་ང་ཚོས་དམིཊ་བསལ་ཚོཊ་སྤྱིར་མུ་མཐུད་དོ་ཁུར་བྱས་ཏེ་དུས་བཀག་ལྟར་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་སྒྲོག་འགྲེལ་དང་སྒོ་རྩར་བསྐྱོད་ནས་འཚམས་འདྲི་བྱེད་པ་སོཊ་ཀྱི་བྱེད་སྒོ་སྤེལ་ནས་སྡེ་ཁུལ་གྱི་སྨན་བཅོས་སྒྲིག་གཞི་དང་མཉམ་དུ་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲཊ་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་ཁོང་ཚོའི་རྒྱུ་ནོར་བདེ་འཇཊ་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁོང་ཚོའི་བདེ་ཐང་འཚོ་བར་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)