(པར་ངོས་དང་པོར་མཐུད)ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་སློབ་སྦྱོང་དང་སློབ་གསོ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་བློ་ལ་བརྟན་པོར་ངེས་ཆེད་སློབ་སྦྱོང་ལ་དམ་འཛིན་ནན་པོ་བྱེད་པ། དྲིལ་བསྒྲགས་ཏན་ཏིག་བྱེད་པ། ཇི་མ་ཇི་བཞིན་ལག་ལེན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ། ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
ཟླ་བ་ཚེ་རིང་སྔ་རྗེས་སུ། བཞི་སྡེ་དགོན་སྒོ་ར་ཆེན་པོ་དང་དགའ་གླིང་ཤག་གྲོང་མིའི་སྒོ་ར་ཆེན་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཀྱི་ལས་ཡུལ་དུ་ཕེབས་ནས་རིག་དངོས་སྲུང་སྐྱོང་ཉམས་གསོ་དང་། གནའ་ཉམས་སྲུང་སྐྱོང་། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ནན་གསུངས་གནང་དོན། རིམ་ཁག་འབྲེལ་ཡོད་ཚན་ཁག་གིས་ཚུགས་གནས་མཐོ་རུ་གཏོང་བ་དང་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་གྲོང་ཁྱེར་གྱི་ལས་དོན་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་དང་བླང་བྱ་གཞིར་བཟུང་སྟེ་ལོ་རྒྱུས་ལ་འགན་འཁུར་བ་དང་། གྲོང་ཁྱེར་ལ་འགན་འཁུར་བ། མི་དམངས་ལ་འགན་འཁུར་བ་བཅས་ཀྱི་མཐོ་ཚད་ཐོག་ནས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་ལྟར་གྲོང་ཁུལ་རྙིང་པ་སྲུང་སྐྱོང་དང་སྒྱུར་བཀོད་རིམ་སྤོར་གྱི་འདུ་འགོད་ལག་བསྟར་ཡག་པོ་བྱེད་དགོས། རྩ་དོན་ཁོང་དུ་ཆུད་པ་དང་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ་ཐེ་ཇུས་ཆུང་ཤོས་དང་གནའ་དེང་མཉམ་འདྲེས་ཀྱི་འདུ་ཤེས་དང་། སྲུང་སྐྱོང་གཙོ་བོར་འཛིན་པ་དང་གནའ་ཉམས་ཇི་བཞིན་ཉམས་གསོ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་འཆར་འགོད་དང་དེང་རབས་ཅན་གྱི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཆར་འགོད་ལྟར་ལག་བསྟར་དང་དོ་དམ་ནན་པོ་བྱེད་པ། ས་འོག་དང་ས་སྟེང་ལ་དེ་བས་ལེགས་པའི་སྒོ་ནས་འཆར་འགོད་གཅིག་གྱུར་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་གྱི་ཕྱི་ནང་གཉིས་ཀར་དོ་དམ་ཡག་པོ་དང་དེ་བས་ལེགས་པའི་སྒོ་ནས་འཛུགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས། ཁྱད་ཆོས་མངོན་གསལ་དོད་པ་དང་རིག་གནས་མངོན་པར་བྱེད་པ་དང་། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། ལོ་རྒྱུས་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་དུས་རབས་ཀྱི་སྙིང་སྟོབས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་མཚོན་རྟགས་དང་གནའ་གྲོང་རིག་གནས་ཀྱི་ཁྱད་ཆོས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱེད་པ། གྲོང་ཁྱེར་གྱི་རིག་གནས་རྒྱུན་འཛིན་དང་། གྲོང་ཁྱེར་གྱི་ཡུལ་ངེས་བརྟན་དུ་གཏོང་བ། གྲོང་ཁྱེར་གྱི་དོན་སྙིང་གཏོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིག་གནས་ཀྱི་ཁྱིམ་གཞིས་གཏོད་པ་བཅས་བྱེད་དགོས། ཞན་ཆ་གསབ་པ་དང་དམངས་འཚོ་ལེགས་སུ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མཁོ་སྤྲོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་གནའ་གྲོང་སྲུང་སྐྱོང་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་གྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས།
ཝང་ཆང་དང་། ལི་ཅང་ཤིན། ཞུས་ཧའེ། ཀྲང་ཁྲུན་དབྱང་། ལིའུ་ལེང་བཅས་ལྷན་དུ་ཕེབས་ཡོད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)