ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་24ཉིན། གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་གཉེར་བའི་བསྐྱོད་པའི་ལམ་ལ་ཕྱིར་ལྟ་དང་། ལམ་བུ་གསར་པར་རྒྱང་ལྟ་བྱེད་ཅེས་པའི་གཙོ་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་དེ་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གི་བཀྲ་ཤིས་སྡེ་ཁུལ་དུ་སྤེལ་བ་རེད། བྱེད་སྒོའི་ཐོག་གྲོང་ཁྱེར་གྱི་ལས་བྱེད་པ་རྒན་གྲས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་བཀྲ་ཤིས་རྣམ་རྒྱལ་གདན་དྲངས་ཏེ་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལོ་རྒྱུས་ཀྱི་འཕོ་འགྱུར་ལྷུག་པོར་གླེང་བ་དང་བརྩེ་སེམས་དངོས་ལ་བརྟེན་ནས་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་པར་བྱས་པ་རེད།
བཀྲ་ཤིས་སྡེ་ཁུལ་གྱི་གྲོང་མི་ཕུར་བུ་ཚེ་རིང་གིས་ད་ཐེངས་ཀྱི་སྒྲོག་འགྲེལ་ལས་ང་ཚོས་བོད་རྙིང་པའི་མུན་ནག་ཐད་ཀར་ཚོར་བྱུང་ལ། གུང་ཁྲན་ཏང་གི་རྗེས་སུ་འབྲང་ན་གཞི་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའང་ཤེས་བྱུང་ཞེས་བཤད།
ད་ཐེངས་ཀྱི་གཙོ་དོན་སྒྲོག་འགྲེལ་གྱི་བྱེད་སྒོས་རླབས་པོ་ཆེའི་མཆོང་སྐྱོད་དང་། ཉམས་པ་མེད་པའི་མཛད་རྗེས་ལ་དམིགས་ཏེ་བོད་གསར་རྙིང་བསྡུར་བ་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྟོབས་ལྡན་འོག བོད་ལྗོངས་མི་དམངས་ཀྱི་ཐོབ་པར་དཀའ་བའི་བདེ་སྐྱིད་འཚོ་བར་བསྟོད་པ་དང་། བོད་ཀྱི་འཕེལ་རྒྱས་སྐོར་གླེང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱས་ཡོད། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པར་བྱས་ཏེ། མོས་སེམས་ལྔ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། གསར་བརྗེའི་སྙིང་སྟོབས་དང་། གསར་བརྗེའི་མེ་ལྕེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དར་སྤེལ་གཏོང་མཁན་དང་སྲུང་སྐྱོང་བྱེད་མཁན་བརྩོན་ལེན་བྱེད་དགོས། (པ་ཚེས་སྒྱུར་ཞུས་བྱས)