02

བཞི་སྡེ་དགོན་གྱི་ཉམས་གསོའི་ལས་གྲྭ་གོ་རིམ་ ལྡན་པའི་ངང་སྤེལ་བ། 2026年03月27日

(པར་ངོས་དང་པོར་མཐུད)བར་སྐོར་གནའ་གྲོང་གི་ལྟེ་བའི་ས་ཁོངས་ཀྱི་རིག་དངོས་སྒོ་ར་ཆེན་མོ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྣམ་གྲངས་དེས་རྙིང་པ་ལྟར་ཉམས་གསོ་བྱེད་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་གོང་རིམ་གྱི་བརྟག་ཞིབ་མཛུབ་སྟོན་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོའི་ཐོག་ནས་ཨར་ལས་ལ་སྐུལ་འདེད་བཏང་ཡོད། རིག་དངོས་སྲུང་སྐྱོབ་དང་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་རིག་དངོས་ཉམས་གསོའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ཏེ་སྒྲིག་འགལ་འཛུགས་སྐྲུན་དང་། ལྷུ་ལག་བརྗེ་བ། བཟོ་རྩལ་སླར་གསོ་སོགས་ལྷུ་ཚིགས་ཁག་ཡག་ཐོག་ཡག་བརྩེགས་ཡོང་བར་བྱས་ནས་ལས་གྲྭའི་སྤུས་ཚད་དང་ལོ་རྒྱུས་ཀྱི་རྣམ་པ་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས།

ཅིན་ཡུང་ཁྲུན་གྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཞི་སྡེ་སྒོ་ར་ཆེན་མོར་བརྟག་ཞིབ་ཐེངས་གཉིས་བྱེད་སྐབས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། རྣམ་གྲངས་དེས་སྔར་བཞིན་ཉམས་གསོ་བྱེད་པའི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་དང་། རྣམ་པ་ཆ་ཚང་རང་བཞིན། རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་བཅས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྒྱུན་འཁྱོངས་བྱས་ཡོད། ཟླ་3ཚེས་22ཉིན་བར་བཞི་སྡེ་དགོན་གྱི་ལས་གྲྭའི་གཟུགས་བརྙན་མྱུར་ཚད་བརྒྱ་ཆ་42ཙམ་ལེགས་གྲུབ་ཟིན་ནས་ཟླ་6ཚེས་30ཉིན་ཉམས་གསོའི་ལས་འགན་ལེགས་འགྲུབ་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

ཉམས་གསོའི་ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་དངོས་སྒོ་ར་ཆེན་པོ་དེ་རིམ་བཞིན་སྔར་ཡོད་ཀྱི་རྣམ་པ་བཞིན་སླར་གསོ་ཐུབ་ནས་རྗེས་མཐུད་ཀྱི་བེད་སྤྱོད་ལ་རྨང་གཞི་བརྟན་པོ་བཏིང་ཡོད།(པ་ཚེས་སྒྱུར་ཞུས་བྱས)