ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆོས་ལུགས་ལས་རིགས་ཀྱིས་རྒྱལ་ཡོངས་ཚོཊ་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་གྱི་ཚོཊ་འདུ་དེ་གྲོང་ཁྱེར་སྲིད་གྲོས་ཚོཊ་འདུ་ལྟེ་གནས་སུ་འཚོཊ་པ་རེད།
ཆུ་ཤུར་རྫོང་ར་སྟོད་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ངག་དབང་གྲགས་པས་ད་ཐེངས་ཀྱི་སློབ་སྦྱོང་ནང་དོན་ཆ་ཚང་བ་དང་ནང་དོན་གཏིང་ཟབ་པོ་ཡོད། དགོན་སྡེར་ལོག་རྗེས་རྒྱ་ཆེའི་གྲྭ་དམངས་དང་དད་ལྡན་མང་ཚོགས་ལ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དུས་ཐོག་ཏུ་སྒྲོག་འགྲེལ་བྱ་རྒྱུ་ཡིན་ཞེས་བཤད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དོན་སྙིང་གལ་ཆེན་དང་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་འདུ་ཤེས་གསུམ་གྱི་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། མཐུན་སྒྲིལ་ཡར་བརྩོན་གྱི་མཉམ་ཤུགས་གཅིག་སྒྲིལ། རྒྱལ་གཅེས་ཀྱི་བརྩེ་སེམས་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འདུན་པ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་བཅས་གཅིག་གྱུར་ཡོང་བར་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་ཞི་མཐུན་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྲུང་སྐྱོང་བྱེད་དགོས་པ། ཆོས་ལུགས་ཀྲུང་གོ་ཅན་གྱི་ལག་ལེན་གཏིང་ཟབ་ཏུ་གཏོང་བ་དང་། ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་སྲོལ་སློབ་སྦྱོང་དང་། འདུལ་ཁྲིམས་སྲུང་བ། རང་གཅུན་ནན་པོ་བྱེད་པ། གཟུགས་བརྙན་གཏོད་པ་བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ། ཁྲིམས་སྲུང་སྡོམ་སྲུང་དང་གྲོན་ཆུང་གོང་བཀུར་དང་རྒྱས་སྤྲོས་སྤངས་ཏེ་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་། དད་ལྡན་གཞུང་དྲང་།དྭངས་གཙང་རྔམ་བརྗིད་བཅས་ཀྱི་གཟུགས་བརྙན་བཟང་པོ་གཏོད་དགོས། (པ་ཚེས་སྒྱུར་ཞུས་བྱས)