01

ཝང་ཆང་གིས་གྲོང་སྤྱིའི་གཞུང་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། འོས་སྐུལ་འོས་དཔོད་ཀྱི་སྒྱུར་བཅོས་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ། 2026年03月27日

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་24ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་སྤྱིའི་གཞུང་ལས་ཚོཊ་འདུ་གཙོ་སྐྱོང་གནང་ནས་འོས་སྐུལ་འོས་དཔོད་ཀྱི་སྒྱུར་བཅོས་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན།རྣམ་གྲངས་ཀྱི་འོས་སྐུལ་འོས་དཔོད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། ལྷ་ས་གྲོང་ཁྱེར་གྱིས་སྒྱུར་བཅོས་གཏིང་ཟབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་ཡིན། ཚུཊ་གནས་མཐོ་རུ་གཏོང་དགོས་ཤིང་། འོས་སྐུལ་འོས་དཔོད་ཁྱབ་ཁོངས་སྒྱུར་བཅོས་ཀྱི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱས་ཏེ་མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་པའི་ལྟེ་བའི་གྲོང་ཁྱེར་གྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། རྩ་ལག་མཉམ་བཅོས་བྱེད་དགོས་ཤིང་། བརྒྱུད་རིམ་ལྡན་པའི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་དམིགས་པ། དོ་དམ་ཚད་ལྡན་དུ་གཏོང་བ། བཅོས་སྐྱོང་ནུས་ལྡན་བྱེད་པ། འཕེལ་རྒྱས་ཀྱི་དམིཊ་ཚད་སྣ་མང་ལ་སྐུལ་འདེད་གཏོང་བ། འགན་དབང་འདྲ་མཚུངས། ལམ་སྲོལ་ལེཊ་སུ་གཏོང་བ། ལག་རྩལ་གྱིས་ནུས་སྤྲོད་སོགས་བྱེད་ཐབས་སྣ་མང་སྤྱོད་པ་དང་། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། མི་མངོན་པའི་ཉེན་ཁ་འགོག་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་འོས་སྐུལ་འོས་དཔོད་སྒྱུར་བཅོས་འདི་ཉིད་ནུས་ཆེ་ཚད་ལྡན་དང་། དྲང་བདེན་དྲང་གཞག ལྟ་འདོམས་ནུས་ལྡན་བཅས་ཀྱི་ལམ་བུར་སྐྱོད་དགོས། དངོས་ཕན་དོན་གཉེར་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་གོང་གནས་བཅའ་ཁྲིམས་དང་ཚད་བསྡུར་ནན་པོ་བྱེད་དགོས་པ་དང་།སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་མདུན་དུ་བཏོན་ནས་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་རིཊ་པས་ཁུངས་སྐྱེལ་གང་ལེགས་བྱེད་པ། དུས་ཚོད་དམ་འཛིན་གྱིས་སྒྱུར་བཅོས་ཀྱི་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་བཅའ་ཁྲིམས་ཀྱི་སྒྲིག་སྲོལ་དང་མཐུན་པ་དང་། ཚན་རིག་དང་མཐུན་པ། དངོས་སྒྲུབ་དང་གོ་ཆོད་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)