01

བཞི་སྡེ་དགོན་གྱི་ཉམས་གསོའི་ལས་གྲྭ་གོ་རིམ་ལྡན་པའི་ངང་སྤེལ་བ། 2026年03月27日

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་སའི་བར་སྐོར་གནའ་གྲོང་གི་རིག་དངོས་སྒོ་ར་ཆེན་མོ་སྲུང་སྐྱོང་དང་ཉམས་གསོའི་གཙོ་གནད་རྣམ་གྲངས་ཡིན་པའི་བཞི་སྡེ་དགོན་གྱི་ཉམས་གསོའི་ལས་གྲྭ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་རེད།

ཉེ་ཆར། གསར་འགོད་པ་བཞི་སྡེ་དགོན་གྱི་ཉམས་གསོ་ཨར་སྐྲུན་བྱ་ཡུལ་དུ་སྐྱོད་སྐབས། བཟོ་བོ་ཚོས་སྲོལ་རྒྱུན་གྱི་བཟོ་སྐྲུན་ལག་རྩལ་ལ་བརྩི་སྲུང་ནན་པོ་ཞུས་ནས་ཨར་ཀ་ནན་པོ་གཅོག་བཞིན་འདུག སྒྲ་གདངས་གསལ་ཞིང་འགྱུར་ཁུག་གི་གླུ་སྒྲའི་ཁྲོད་སྲོལ་རྒྱུན་གྱི་བཟོ་རྩལ་དང་སྤྱོད་གོ་ཆོད་པའི་ཨ་ཀ་ཡི་རྡོ་གཅལ་རིམ་བཞིན་གྲུབ་ཡོད།

ལྷ་ས་བར་སྐོར་གནའ་གྲོང་གི་སྒོ་ར་ཆེན་པོ་གསུམ་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས་ཀྱི་ས་ཡུལ་དངོས་ཀྱི་དོ་དམ་ཚོགས་ཆུང་གི་ཙུའུ་ཀྲང་དང་ཨར་ལས་བྱ་ཡུལ་གྱི་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་ཅིན་ཡུང་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བཞི་སྡེ་དགོན་གྱི་ཉམས་གསོའི་རྣམ་གྲངས་ཀྱི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་4910ཟིན་པ་དང་། ཁྱོན་མ་དངུལ་སྒོར་ཁྲི་1619བཏང་ཡོད། ཉམས་གསོའི་ནང་དོན་གཙོ་བོའི་གྲས་སུ་སྔར་ཡོད་ཀྱི་སྒྲིག་འགལ་བཟོ་སྐྲུན་བཤིག་པ་དང་། ཨར་ཀའི་ས་བསྐྱར་དུ་བརྟན་དུ་གཏོང་བ། གོག་ཧྲུལ་གྱི་ལྕམ་ཤིང་དང་གདུང་མ་བརྗེ་བ་སོགས་ཚུད་ཡོད་པས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལོ་རྒྱུས་ཀྱི་སྔར་ཡོད་རྣམ་པ་སླར་གསོ་བྱུང་ཡོད། (པར་ངོས་གཉིས་པར་གཟིགས)