01

རྔ་ཆེན་ཁྲོམ་གཞུང་གིས་གཞི་རིམ་དུ་སླེབས་པ་བཞིའི་མཉམ་སློབ་མཉམ་སྒྲུབ་ཀྱི་སྒྲོག་འགྲེལ་ཞབས་ཞུའི་བྱེད་སྒོ་སྤེལ་བ། 2026年03月27日

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་3ཚེས་25ཉིན།རྔ་ཆེན་ཁྲོམ་གཞུང་གིས་གཞི་རིམ་དུ་སླེབས་པ་བཞིའི་ལས་ཀའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་མཉམ་སློབ་མཉམ་སྒྲུབ་ཀྱི་སྒྲོག་འགྲེལ་ཞབས་ཞུའི་བྱེད་སྒོ་སྤེལ་ནས་དྲིན་ཚོར་སློབ་གསོ་དང་། སྲིད་ཇུས་སྒྲོག་འགྲེལ། དམངས་ཕན་ཞབས་ཞུ་བཅས་མང་ཚོགས་ཀྱི་ཉེ་འགྲམ་དུ་སྤེལ་ཏེ་གྲོང་མིས་སྒོ་འགྲམ་ནས་ཏང་གི་དྲོ་སྐྱིད་ཚོར་བར་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རིམ་པ་དང་པོའི་སྐོར་གཟིགས་པ་ཀྲའོ་ཧུའེ་ཉན་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། ཉིན་དེར་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱི་གླིང་ཆུང་སྤྱི་གླིང་དུ་བྱེད་སྒོ་སྤེལ་ཞིང་།ཡུལ་དངོས་སུ་རིམ་གསུམ་མཉམ་འགུལ་སྲིད་ཇུས་སྒྲོག་འགྲེལ་བྱས་པ་བརྒྱུད། དབང་པོ་སྐྱོན་ཅན་དང་། དམངས་འཚོ། བདེ་ཐང་བཅས་དང་དེ་བཞིན་གཞི་རིམ་བཅོས་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་གཏིང་ཟབ་བྱས་པ་དང་འབྲེལ། བོད་གསར་རྙིང་བསྡུར་བར་བརྟེན་ནས་མང་ཚོགས་ཚོས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་ཤེས་ཚོར་ཐུབ་པར་བྱས་ཏེ་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་བ་རེད། བྱེད་སྒོའི་ཁྲོད་བྱ་དགའ་ཡོད་པའི་ཤེས་བྱ་འགྲན་བསྡུར་དང་སྡེ་ཁུལ་གྱི་རིག་རྩལ་འཁྲབ་སྟོན་བྱས་པ་དེས་ཡུལ་དངོས་ཀྱི་རྣམ་པ་དེ་བས་འཁྲུག་ཏུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཏུ་ཡུལ་དངོས་སུ་འོས་འགན་སྨན་བཅོས་ཞབས་ཞུའི་ཁུལ་བཙུགས་ནས་མང་ཚོགས་ལ་སྨན་རིན་མི་དགོས་པར་ནད་བརྟག་སྨན་བཅོས་བྱས་ཏེ་བདེ་ཐང་གི་མཛུབ་ཁྲིད་བྱས་པ་རེད། ཀྲའོ་ཧུའེ་ཉན་གྱིས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ།(པར་ངོས་བཞི་པར་གཟིགས)