སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་མཐོང་དགའ་སྡེ་ཁུལ་ནི་བོད་ཀྱི་མི་དམངས་ཀུང་ཧྲེ་དང་པོ་དེ་བཙུགས་ས་ཡིན་ཞིང་། རོགས་རེས་ཚོགས་ཆུང་དང་མཉམ་ལས་ཁང་ནས་མི་དམངས་ཀུང་ཧྲེ་བར་དང་དེ་ནས་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་སྡེ་ཁུལ་བར་ཏང་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག་མཐོང་དགའ་འདི་ཉིད་ས་མཐོའི་ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་ཅན་དང་། དེང་རབས་ཅན། ཐུན་མོང་ཕྱུག་འགྱུར་བཅས་ཀྱི་དཔེ་སྟོན་ལམ་བུའི་ཐོག་བསྐྱོད་ཡོད། འདི་ལོ་ལོ་80ལ་སླེབས་པའི་བགྲེས་སོང་ཡེ་ཤེས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མཐོང་དགའ་བ་ཞིག་ཡིན་ལ་དེ་སྔའི་མཐོང་དགའ་མི་དམངས་ཀུང་ཧྲེའི་ཐོན་སྐྱེད་རུ་ཁག་གསུམ་པའི་རུ་དཔོན་ཡང་རེད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དེ་ཁོང་གི་ངོས་ནས་བརྗོད་ན། ཚེ་གང་རིང་སྲུང་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་ཚེ་གང་རིང་རྒྱུན་འཛིན་བྱེད་པའི་སྙིང་སྟོབས་ཀྱི་ཚད་གཞི་ཞིག་རེད།
དཔྱིད་དུས་ཀྱི་ཞོགས་པའི་ཉི་གཞོན་མཐོང་དགའ་སྡེ་ཁུལ་དུ་འཕྲོས་ཤིང་། བོད་བཟོའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་སྟར་པ་རེ་རེ་དང་། སྣུམ་ནག་ལམ་རེ་རེ།(པར་ངོས་བཞི་པར་གཟིགས)