ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་མལ་གྲོ་གུང་དཀར་རྫོང་གི་དགོན་སྡེ་དོ་དམ་གྱི་རྨང་གཞི་བརྟན་དུ་གཏོང་བའི་བྱ་སྤྱོད་སྤེལ་ཡུལ་གྱི་སྤེལ་རེས་ཚོགས་འདུ་དང་རྫོང་ཡོངས་ཀྱིས་དགོན་སྡེ་དོ་དམ་ཨུ་ལྷན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་དོན་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་དང་སྤེལ་རེས། དུས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་བཅས་བྱས་ནས་ཕྱིས་འབྱུང་གི་དགོན་སྡེའི་དོ་དམ་མུ་མཐུད་དེ་གཏིང་ཟབ་ཏུ་གཏོང་བ་དང་རྨང་གཞི་བརྟན་དུ་གཏོང་བའི་བྱ་སྤྱོད་དང་དགོན་སྡེའི་དོ་དམ་ཚད་ལྡན་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་ཐད་སླར་ཡང་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན།དགོན་སྡེ་དོ་དམ་གྱི་རྨང་གཞི་བརྟན་གཏོང་བྱ་སྤྱོད་ནི་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་། ཆོས་ལུགས་ཀྲུང་གོ་ཅན་དང་། གཏིང་ཟབ། ཏན་ཏིག་བཅས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་རེད། དགོན་སྡེ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆོས་ལུགས་ལས་དོན་གྱི་དོ་དམ་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།
མལ་གྲོ་གུང་དཀར་རྫོང་རབ་བརྟན་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་རྡོ་རྗེས་ལགས་ཀྱིས་དགོན་སྡེ་དོ་དམ་གྱི་རྨང་གཞི་བརྟན་དུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་པ་བརྒྱུད་དགོན་སྡེ་དོ་དམ་ཨུ་ལྷན་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། ཏང་འཛུགས་སྐྱོང་གིས་དགོན་སྡེ་དོ་དམ་གྱི་སྤྱི་ཡོངས་ལ་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱས་པ། མོས་སེམས་ལྔ་མི་སེམས་ལ་གཏིང་ཟབ་ཟུག་པ། དགོན་སྡེ་དོ་དམ་ཨུ་ལྷན་ཁག་གི་ཏང་རྩ་འཛུགས་ཀྱི་འཐབ་ནུས་དང་། གོང་བུ་འགྲིལ་ཤུགས། སྣེ་ཁྲིད་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པས་ཉམས་སད་ཐེག་ཐུབ་པའི་ཏང་གཤིས་ཞུན་བརྡར་དང་། ཉམས་སད་ཐེག་ཐུབ་པའི་འགན་འཁྲི་འཁུར་སེམས་ཞུན་བརྡར། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བརྡར་བཅས་བྱས་པས་ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་ཡོད་ཅེས་གསུངས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན།རྫོང་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ལྷན་ཁག་གིས་ད་ཐེངས་ཀྱི་དགོན་སྡེ་དོ་དམ་གྱི་རྨང་གཞི་བརྟན་དུ་གཏོང་བའི་བྱ་སྤྱོད་གོ་སྐབས་གལ་ཆེན་དུ་བརྩིས་ནས་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་ནན་པོ་བྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། དགོན་སྡེ་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དགོན་སྡེ་དོ་དམ་གྱི་རྨང་གཞི་བརྟན་དུ་གཏོང་བའི་བྱ་སྤྱོད་དང་དགོན་སྡེ་དོ་དམ་ཨུ་ལྷན་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)