(པར་ངོས་དང་པོར་མཐུད)མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། འཛད་སྤྱོད་པས་བློ་བདེ་པོའི་ངང་ཨང་རྟགས་བཤེར་འབེབས་བྱས་ཚེ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཡིན་པའི་ཚགས་ཤ་ཁག་གཅིག་གི་ཁུངས་འདེད་ཆ་འཕྲིན་ལ་ཞིབ་ཕྲ་ལྟ་ཐུབ་ཀྱི་ཡོད་པས་ཉོ་སྐབས་བློ་བདེ་ལ་ཟ་སྐབས་ཀྱང་བློ་བདེ་པོ་ཡོང་གི་ཡོད། སྲིན་བུ་རི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་འགྲེམས་ཁུལ་དུ་གདོད་མའི་ཚགས་ཤ་དང་། ལུག་ཤ། སྤུས་ལེཊ་དཀར་ཆུའི་ཐོན་རྫས་བཅས་ཀྱི་ཡུལ་ཟོག་དང་།དེ་བཞིན་གོང་དཀར་རྫོང་གི་པང་གདན་དང་བོད་བཟོའི་དངུལ་ཆས་སོགས་མི་རིགས་ལག་ཤེས་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད། ཚོང་འདུས་རིང་འཛད་སྤྱོད་པས་ད་དུང་ལྗོངས་ཕྱིའི་ཟོག་འགྲེམས་ཁ་གསབ་དང་སྲིད་གཞུང་གི་འཛད་སྤྱོད་ཁ་གསབ་ལོངས་སུ་སྤྱོད་ཆོག་གི་ཡོད། ཁྱད་ལྡན་འགྲེམས་ཚོང་ཕུད། ཁྲོམ་ར་བཙུགས་པའི་རྟེན་འབྲེལ་གྱི་ཉིན་མོར་ཆེད་དུ་བཏོན་པའི་དམིགས་བསལ་རིན་གོང་གི་གཟིགས་སྐྱོང་དང་། འཛད་སྤྱོད་ཀྱི་ཚད་གཞི་ལོན་ན་ཕབ་གཅོག་བྱེད་པ། ས་ཁོངས་ཀྱི་འཛད་སྤྱོད་འཛིན་ཤོག དྲ་ཐོག་ནས་ལག་རྟཊ་མཉམ་སྤྱོད་སོཊ་ཕན་བདེ་སྣ་ཚོགས་ལས་གྲོང་མིའི་འཛད་སྤྱོད་ཀྱི་སྤྲོ་སེམས་ཆེས་ཆེར་འཕེལ་ཡོད།
ད་རེས་ཀྱི་བྱེད་སྒོ་དེ་2026ལོའི་ཟླ་2ཚེས་10ཉིན་བར་སྤེལ་རྒྱུ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)