ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་13ཉིན། ལྷ་ས་གྲོང་ཁྱེར་དཔལ་སྡིངས་སྨན་ཁང་གི་དུས་ཐེངས་དང་པོའི་ལས་གྲྭ་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་ནས་བེད་སྤྱོད་བྱ་རྒྱུར་རྩིས་སྤྲོད་བྱས་ཤིང་།དེའི་ཐོག་ནས་རྣམ་གྲངས་དེའི་འཛུཊ་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་གཉེར་སྐྱོང་གྲ་སྒྲིག་གི་དུས་མཚམས་སུ་སླེབས་ཉེར་ཡོད་པ་མཚོན་ཡོད།
གྲོང་སྤྱི་གཞོན་པ་པདྨ་གཡུ་སྒྲོན་ཚོགས་འདུར་ཞུགས་ཡོད།
པདྨ་གཡུ་སྒྲོན་དང་བཅས་པ་སྨན་ཁང་གི་ཚན་ཁག་ཁག་དང་། ནད་ཁང་ཁུལ། སྨན་བཅོས་ཚན་ཁག་སོགས་གཙོ་གནད་ཁུལ་དུ་ཕེབས་ཏེ་ཡུལ་དངོས་སུ་འཛུཊ་སྐྲུན་གྱི་གྲུབ་འབྲས་ལ་གཟིཊ་པ་དང་འབྲེལ་འབྲེལ་ཡོད་སྙན་སེང་གསན་པ་རེད། ཁོང་གིས་ཞིབ་བཤེར་གནང་རིང་། ཤེས་རྟོགས་བྱུང་བའི་གནད་དོན་ངེས་པར་དུ་རྩིས་ཐོར་འགོད་པ་དང་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས། སྨན་གཡོག་མི་སྣའི་ལག་རྩལ་གསོ་སྦྱོང་དང་ལས་སྒོ་མཐུན་སྦྱོར་ལ་དུས་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ་སྨན་ཁང་ཧྲིལ་པོ་བརྟན་བརླིང་དང་ནུས་ཆེའི་སྒོ་ནས་གྲོང་ཁྱེར་མི་དམངས་སྨན་ཁང་ལ་དོ་དམ་བྱ་རྒྱུར་རྩིས་སྤྲོད་བྱ་རྒྱུའི་འགན་ལེན་བྱེད་དགོས། མིག་སྔའི་ལས་ཀའི་གཙོ་གནད་དེ་ཁྱོན་ཡོངས་ནས་གཉེར་སྐྱོང་བྱེད་པའི་གྲ་སྒྲིག་གི་དུས་མཚམས་སུ་སླེབས་ཡོད་པས་ངེས་པར་དུ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞབས་ཞུའི་ཐད་མ་དངུལ་གཏོང་རྒྱུར་འགན་ལེན་བྱས་ཏེ་ནུས་ཤུཊ་ཡོད་རྒུས་རྒྱ་ཆེའི་མང་ཚོཊ་ལ་སྔ་ཙམ་ཕན་པ་ཐོབ་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
གྲོང་ཁྱེར་ནོར་སྲིད་ཅུས་དང་། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས། གྲོང་ཁྱེར་འཕྲོད་བསྟེན་ཨུ་ལྷན། གྲོང་ཁྱེར་མ་འཇོག་ཀུང་སི། གྲོང་ཁྱེར་མི་དམངས་སྨན་ཁང་སོགས་འབྲེལ་ཡོད་འགན་འཁུར་བ་ཕེབས་ཡོད་པ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)