པར་འདི་ནི་གྲོང་མིས་ཁང་པའི་བདག་དབང་ལག་ཁྱེར་བླངས་རྗེས་དྲན་རྟེན་འདྲ་པར་བརྒྱབ་པའི་རྣམ་པ་ཡིན།
ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་13ཉིན། གདོང་དཀར་སྡེ་ཁུལ་གྱིས་ཁང་པའི་བདག་དབང་ལག་ཁྱེར་གཅིག་སྡུད་ཐོག་སྤྲོད་པའི་མཛད་སྒོ་འཚོཊ་ཤིང་། དུད་ཚང་737ལ་ཡུན་རིང་རེ་སྒུག་བྱས་པའི་གཏན་འཇཊ་རྒྱུ་ནོར་གྱི་ལག་ཁྱེར་རག་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་བརྩེ་བས་ཕྱུག་ཅིང་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད་པ་དང་ཁང་པའི་བདག་དབང་ལག་ཁྱེར་གསར་པ་གྲལ་སྟར་འགྲིག་པོས་བཞག་ཡོད། སྡེ་ཁུལ་ཏང་ཨུད་དང་དེ་བཞིན་ཀྲི་པུའུ་ཁག་གི་ཏང་ཡོན་ལས་བྱེད་པ་དང་གྲོང་མིའི་འཐུས་མི་རྣམས་མཉམ་དུ་འཛོམས་ནས་ཐུན་མོང་ཐོག་བདེ་སྐྱིད་ལྡན་པའི་དུས་སྐབས་དེར་དཔང་པོ་བྱས་ཡོད།
གདོང་དཀར་སྡེ་ཁུལ་གྱི་དུད་ཚང་737གྱི་གྲོང་མིའི་ཁང་པའི་བདག་དབང་ལག་ཁྱེར་གཉེར་བའི་གནད་དོན་ནི་གྲོང་མི་མང་ཚོགས་ལ་ལོ་མང་རིང་འཕྲད་པའི་ལོ་རྒྱུས་ཀྱི་དཀའ་གནད་ཅིག་ཡིན། སྡེ་ཁུལ་གྱི་སྐབས་དགུ་པ་དང་སྐབས་བཅུ་པའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གིས་འགན་འཁྲི་བསྒྲུབས་ཚུན་དུ། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ནས་ཆེད་དོན་ལས་དོན་ཚོགས་ཆུང་ཆེད་མངགས་བཙུགས་ཏེ། སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་འཇམ་དཔལ་སྐུ་ངོ་མས་སྣེ་ཁྲིད་དེ། གསལ་ཐོ་ཅན་གྱི་སྐུལ་འདེད་དང་ཆེད་དོན་ཅན་གྱི་འགག་སྒྲོལ་གྱི་བྱ་ཐབས་བརྒྱུད། ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་ལས་དོན་སྒྲུབ་ཚད་བརྡ་ཁྱབ་བཏང་སྟེ། ལས་ཀའི་ཁ་ཕྱོགས་ཁ་གསལ་བཟོས་ཡོད། གདོང་དཀར་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་དོན་གཅོད་ཁྲུའུ་ཡིས་ཀྱང་ལས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ། འགོ་ཁྲིད་གཙོ་བོ་སྡེ་ཁུལ་དུ་བརྟག་ཞིབ་མཛུབ་ཁྲིད་བྱེད་པར་ཐེངས་མང་བསྐྱོད་པ་དང་། སྒྲུབ་གཉེར་བྱེད་རིང་གི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་ཧུར་ཐག་བྱས་ཏེ། ཁང་པའི་བདག་དབང་ལག་ཁྱེར་བདེ་བླག་ངང་གཉེར་རྒྱུར་རྩ་འཛུགས་ཀྱི་འགན་ལེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྟན་པོ་མཁོ་འདོན་བྱས་པ་དང་། བདག་དབང་ཐོ་འགོད་ཀྱི་མཐའ་མའི་འགག་གནད་གྲུབ་འབྲས་ཐོབ་པའི་ངང་བསལ་ནས་གྲོང་མི་ཚོར་ཁང་པ་ཡོད་ཀྱང་བདག་དབང་ལག་ཁྱེར་མེད་པའི་དཀའ་གནད་ཡོངས་སུ་བསལ་བ་རེད། ཁང་པའི་བདག་དབང་ལག་ཁྱེར་གཉེར་བའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད། སྡེ་ཚན་ཁག་དང་ལས་གནས་ཁག་གི་ལས་བགོས་ཁ་གསལ་བརྒྱབ་ནས་ལས་དོན་ཏན་ཏིག་བསྒྲུབས་ཡོད། སྡེ་ཁུལ་གྱི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མིས་ལས་རོགས་པ་དང་མཐུན་སྦྱོར་པ་བྱས་ཏེ། འབྲེལ་ཡོད་འགན་ནུས་སྡེ་ཚན་དུ་ཕར་འགྲོ་ཚུར་འོང་ཐེངས་མང་བྱས་ནས་སྲིད་ཇུས་ཀྱི་གཞི་འཛིན་ས་གསེད་བཀྲོལ་དང་། གཉེར་སྒྲུབ་བརྒྱུད་རིམ་ཁ་གསལ་བཟོ་བ། གྲ་སྒྲིག་འདྲི་གཅོད་ཀྱི་འདུན་ཞུའི་དཔྱད་གཞི་ལེགས་སྒྲིག་བཅས་བྱས་ཤིང་། དྲ་མིག་ལས་དོན་པས་དུད་ཚང་རེ་རེ་བཞིན་དུ་ཁང་པའི་རྒྱ་ཁྱོན་དང་ཁང་བདག་གི་ཆ་འཕྲིན་སོགས་ཀྱི་འགག་རྩའི་ནང་དོན་ཞིབ་བསྡུར་བྱས་ནས་ཆ་འཕྲིན་འཕྱུགས་མེད་ཡོང་བའི་འགན་ལེན་བྱས་ཡོད། དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲལ་དོན་སྡེ་ཚན་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ནས་ཁྲལ་དོན་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་གྲོང་མིར་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་རེ་ཞུ་ཧུར་ཐག་བྱས་ཡོད།
ཁང་པའི་བདག་དབང་ལག་ཁྱེར་སྤྲོད་པའི་མཛད་སྒོའི་ཐོག གྲོང་མིའི་འཐུས་མིར་ཡུན་རིང་རེ་སྒུག་བྱས་པའི་ཁང་པའི་བདག་དབང་ལག་ཁྱེར་རག་པས། ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་དུ་རིམ་ཁག་ལས་དོན་པར་གོས་དར་དང་མཇལ་དར་ཕུལ་ནས་བཀའ་དྲིན་གྱི་བསམ་པ་མཚོན་པར་བྱས་ཡོད།
གྲོང་མིའི་འཐུས་མི་བཀྲ་ཤིས་ཀྱིས་ལོ་མང་རེ་སྒུག་བྱས་མཐར་དེ་རིང་གཞི་ནས་ཁང་པའི་བདག་དབང་ལག་ཁྱེར་རག་བྱུང་། ཁང་པའི་བདག་དབང་ལ་འགན་སྲུང་ཡོད་པས་བློ་ཧ་ཅང་བདེ་པོ་འདུག ཏང་དང་སྲིད་གཞུང་གིས་ཐུཊ་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྡེ་ཁུལ་གྱི་ལས་བྱེད་པ་ཚོས་དཀའ་ལས་བརྒྱབ་པར་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)