03

ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་གྱི་གསོ་སྦྱོང་འགོ་ཚུགས་པ། 2025年12月16日

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2025ལོའི་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་གྱི་གསོ་སྦྱོང་སྤེལ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་གསོ་སྦྱོང་གི་དུས་ཡུན་ཉིན་3ཡིན་པ་དང་། སྲིད་ཇུས་དང་། དངོས་སྤྱོད། ས་གནས་བཅས་ཟུང་དུ་འབྲེལ་བའི་གཏན་འབེབས་ཅན་གྱི་སློབ་ཚན་མ་ལག་ལྟེ་བར་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ལས་སྒོའི་རྐང་འཛིན་པ་བརྒྱ་ལྷག་ཙམ་ལ་གསོ་སྦྱོང་གནད་སྨིན་བྱས་ཏེ། གད་སྙིགས་རིགས་དབྱེའི་ལས་དོན་ལྷ་སའི་དོན་དངོས་དང་འཚམ་པ་དང་དོན་འཁྱོལ་ཏན་ཏིག་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག གྲོང་ཁྱེར་དོ་དམ་ཅུས་ཀྱི་འགན་འཁུར་བས་ས་མཐོའི་འབྱུང་ཁམས་ནི་གྲོང་མིའི་འཚོ་གནས་ཀྱི་རྨང་གཞི་ཡིན་ལ། རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཡང་ཡིན། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གད་སྙིགས་རིགས་དབྱེའི་ལས་དོན་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད་ཅིང་། ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་གད་སྙིགས་འཕར་ཚད་དང་། ཁྱད་ལྡན་གད་སྙིགས་རིགས་དབྱེའི་དབྱེ་འབྱེད། སྒྲིག་བཀོད་ཚད་ལྡན་ངང་གཉེར་སྐྱོང་བྱེད་པ་སོགས་ཀྱི་གནད་དོན་འཕྲལ་མར་ཐག་གཅོད་བྱེད་དགོས་ཀྱི་ཡོད། ད་ཐེངས་ཀྱི་གསོ་སྦྱོང་གིས་ནུས་པའི་ཞན་ཆ་གསབ་པའི་ཐད་གཙོ་བོར་དམིགས་ཤིང་། དེའི་དམིགས་ཡུལ་ནི་སློབ་མར་འབྲས་བུ་ཐོན་པ་དང་སྦྱངས་པ་གོ་ཆོད་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་བསྟན་ཡོད།

སྟོད་ལུང་བདེ་ཆེན་ཆུས་གྲོང་ཁྱེར་དོ་དམ་ཅུས་གད་སྙིགས་རིགས་དབྱེ་གཞུང་ལས་ཁང་གི་འགན་འཁུར་བ་བསྟན་འཛིན་གྱིས་ད་ཐེངས་ཀྱི་གསོ་སྦྱོང་ནི་ཧ་ཅང་སྤྱོད་གོ་ཆོད་པ་ཞིག་རེད། རིགས་གཅིག་མཁས་ཅན་གྱིས་བརྗོད་པའི་རིགས་དབྱེའི་ཚད་གཞི་དང་སྲིད་ཇུས་གསལ་འགྲེལ་ནི་མང་ཚོགས་ཀྱི་འཚོ་བ་དངོས་དང་ཧ་ཅང་འཚམ་པོ་ཡོད། ང་ཚོས་དྲིལ་བསྒྲགས་བྱེད་པའི་ཁྲོད་དུ་འཕྲད་པའི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་ཡོད། ཕྱིར་ལོག་རྗེས་སྦྱངས་པའི་ཤེས་བྱ་རྣམས་གྲོང་མི་དང་ལས་རོགས་ཚོར་བརྒྱུད་ཁྲིད་བྱས་ཏེ་ཚང་མར་རིགས་དབྱེ་ཡང་དག་དང་གད་སྙིཊ་ཚད་ལྡན་ངང་བླུཊ་རྒྱུར་ཁྲིད་སྟོན་བྱས་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྙིཊ་མེད་གྲོང་ཁྱེར་འཛུགས་སྐྲུན་ལ་ནུས་ཤུཊ་འདོན་རྒྱུ་ཡིན་ཞེས་བཤད།

འབྱུང་ཁམས་དོན་སྙིང་ཁ་གསལ་བཟོ་བའི་རྨང་གཞིའི་ཐོག ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་གྱིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པའི་འབྲེལ་ཡོད་ནང་དོན་གཙོ་དོན་དུ་བྱས་ནས་རྒྱུན་མཐུད་སློབ་ཁྲིད་བྱས་ཤིང་། མཐའ་འཁྱོངས་བཅུའི་ལྟེ་བའི་དོན་སྙིང་ལ་དམིགས་པ་དང་འབྱུང་ཁམས་དར་ན་ཤེས་དཔལ་དར་ཞེས་པའི་ལོ་རྒྱུས་ཀྱི་ཆོས་ཉིད་དང་དུས་རབས་གསར་པའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འགྱུར་ལྡོག་ཆེན་པོ་བཞི་དང་ཟུང་འབྲེལ་བྱས་ཏེ། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ནང་དོན་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་ཡོད། དེ་དང་ཆབས་ཅིག་ལྷ་སའི་གད་སྙིགས་རིགས་དབྱེའི་སྲིད་ཇུས་དང་ཟུང་འབྲེལ་བྱས་ཏེ། གད་སྙིགས་རིགས་དབྱེ་ནི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པ་གསལ་བཤད་བྱས་ནས། སློབ་མ་ཚོར་རིགས་དབྱེ་བྱེད་དགོས་དོན་གྱི་ཆབ་སྲིད་ཀྱི་དོན་སྙིང་དང་དམངས་འཚོའི་རིན་ཐང་ལ་གོ་བ་གཏིང་ཟབ་ལེན་དུ་བཅུག་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)