03

བློ་མཐུན་ཝང་པིན་ཆན་གྱི་སྐུ་ཕུང་ཀོང་ཀྲོའུ་རུ་ཞུགས་འབུལ་གནང་བ། 2025年12月16日

(པར་ངོས་དང་པོར་མཐུད)ཚེས་14ཉིན་གྱི་སྔ་དྲོ། ཀོང་ཀྲོའུ་གྲོང་ཁྱེར་གྱི་ཞུགས་འབུལ་ཁང་དུ་སྒམ་བརླིང་གི་རྣམ་པས་ཁེངས་ཤིང་མྱ་ངན་གྱི་རོལ་མོ་ལྷང་ལྷང་དུ་གྲགས། ཚོམས་ཆེན་དབུས་སུ་གཞི་རས་ནག་པོའི་སྟེང་བློ་མཐུན་ཝང་པིན་ཆན་ལ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་ཞེས་པའི་ཡི་གེ་དཀར་པོ་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་དང་།དེའི་གཤམ་འོག་ཏུ་བློ་མཐུན་ཝང་པིན་ཆན་གྱི་སྐུ་པར་བཀལ་ཡོད། བློ་མཐུན་ཝང་པིན་ཆན་གྱི་སྐུ་ཕུང་མེ་ཏོག་སོས་པ་དང་ཐང་ཤིང་ཤུག་པའི་དབུས་སུ་བཞག་ཡོད་པ་དང་། སྐུ་ལུས་ལ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བསྒྲོན་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་9པ་ཡས་མས་སུ། ཀྲའོ་ལེ་ཅི་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད་བློ་མཐུན་ཝང་པིན་ཆན་གྱི་སྐུ་ཕུང་གི་མདུན་དུ་ག་ལེར་ཕེབས་ཤིང་། སྒམ་བརླིང་ངང་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། བློ་མཐུན་ཝང་པིན་ཆན་གྱི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་པར་མ་ཟད། བློ་མཐུན་ཝང་པིན་ཆན་གྱི་གཉེན་ཉེ་དང་རེ་རེ་བཞིན་ཕྱག་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་རྣམས་ཀྱི་ཐུགས་གསོའི་འཚམས་འདྲི་བརྒྱུད་སྤྲོད་གནང་བ་རེད།

ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཞལ་གྱེས་ཞུ་བར་བཅར་བའམ་ཡང་ན་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མྱ་ངན་ཞུས་པ་རེད།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ཀོང་ཏུང་ཞིང་ཆེན་གྱི་འགན་འཁུར་བློ་མཐུན། བློ་མཐུན་ཝང་པིན་ཆན་སྐུ་ཚེ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་ཡང་ཞལ་གྱེས་ཞུ་བར་བཅར་ཡོད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)