02

ལྷ་སའི་སྨན་བཅོས་འགན་བཅོལ་ལམ་ལུགས་འདི་ཉིད་དྲང་གཞག་དང་འགན་ལེན་གྱི་ཕྱོགས་སུ་བསྐྱོད་པ། མང་ཚོགས་ཀྱི་སྨན་བཅོས་ཐོབ་སྣང་མུ་མཐུད་ལེགས་སུ་ཕྱིན་པ། 2025年12月16日

འདི་ལོའི་ཟླ་9ཚེས་1ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་གཅིག་གྱུར་གྱི་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་གཞི་འགན་ལེན་གྱི་སྲིད་ཇུས་གསར་པ་དངོས་སུ་ལག་བསྟར་བྱས་པ་རེད། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་དྲང་གཞག་སྨན་བཅོས་འགན་བཅོལ་དང་གནད་སྨིན་འགན་ལེན་གྱི་གཞི་རྩར་དམ་པོར་དམིཊ་ཏེ་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་སྲིད་ཇུས་དང་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ལས་བཟོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་གཅོང་ནད་དང་དམིགས་བསལ་ནད་རིགས་གཅིག་གྱུར་གྱི་ཁྱབ་ཁོངས་བརྒྱུད། དེ་སྔ་འགན་བཅོལ་ནང་ཞུགས་པའི་ཐོབ་ཐང་མི་འདྲ་བའི་དབང་གིས་ཆགས་པའི་འགན་ལེན་གྱི་ཧེ་བག་མེད་པར་བཟོས་ནས་སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་དྲང་གཞག་རང་བཞིན་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བས་སྒྱུར་བཅོས་ཀྱི་ཕན་འབྲས་རིམ་བཞིན་མངོན།

ནད་རིགས་ཀྱི་དཀར་ཆག་གཅིག་གྱུར་བྱས་ཏེ་ལམ་ལུཊ་དྲང་གཞག་ངང་སྦྲེལ་མཐུད་ཐུབ་པར་བྱས་པ།

དེའི་གོང་ལྷ་ས་གྲོང་ཁྱེར་གྱི་ལས་བཟོ་བའི་སྨན་བཅོས་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཀྱི་རིགས་36དང་སྒོ་བསྟེན་གཅོང་ནད་དང་དམིཊ་བསལ་ནད་རིགས་33གྱི་དཀར་ཆག་ལག་བསྟར་བྱས་པར་འགན་ལེན་ཁྱབ་ཁོངས་གཅིག་མཐུན་མེད་པ་དང་མང་ཚོགས་ཁག་གཅིག་གིས་རྩིས་ཞུ་བྱེད་འདོད་ཀྱང་རྩིས་ཞུ་བྱེད་མི་ཐུབ་པའི་གནས་ཚུལ་ཡོད་པ་རེད། སྲིད་ཇུས་གསར་པ་ལག་བསྟར་བྱས་རྗེས་འགན་བཅོལ་ནང་ཞུགས་མཁན་མི་སྣ་རིགས་གཉིས་ཀྱིས་སྒོ་བསྟེན་གྱི་གཅོང་ནད་དང་དམིགས་བསལ་ནད་རིགས་43གྱི་དཀར་ཆག་གཅིག་གྱུར་ཐོག་ལག་བསྟར་བྱས་པས་འགན་ལེན་ཁྱབ་ཁོངས་སྦྲེལ་མཐུད་དམ་ཟབ་ཐུབ་ཡོད། ལེགས་སྒྲིག་བྱས་པ་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་ལེན་ཁྱབ་རྒྱ་ཆེ་རུ་ཕྱིན་པར་མ་ཟད། ལམ་ལུགས་ཀྱི་རིམ་ངོས་ནས་ལས་བཟོ་བ་དང་གྲོང་མིའི་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་གཞི་འགན་ལེན་ཐད་ཀྱི་ནད་རིགས་གཅིག་མཚུངས་ལ་འགན་ལེན་གཅིག་མཚུངས་མངོན་འགྱུར་བྱུང་ནས་ཐོབ་ཐང་གི་ཁྱད་པར་ལས་ཐོབ་ཐང་འདྲ་མཉམ་མེད་པའི་གནས་ཚུལ་འབྱུང་རྩ་ནས་མེད་པར་བཟོས་ཡོད།

འགན་ལེན་གསུམ་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་བ།

སྲིད་ཇུས་གསར་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཕྱོགས་གསུམ་ལམ་ལུགས་ཀྱི་ཕྱོགས་བསྡུས་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྐས་རིམ་བཞིན་ཁུར་པོ་ཡང་དུ་གཏོང་བའི་ལམ་སྲོལ་ཆགས་ཡོད། མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱི་སྒོ་བསྟེན་སྨན་ཁང་གི་གཅོང་ནད་དང་དམིགས་བསལ་ནད་གཞི་རིམ་རྩིས་བྱས་ན་མི་ཐེངས་ཁྲི་13.29འགན་ལེན་བྱས་པ་དང་སྨན་བཅོས་ཀྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་1.2ཟིན་ཡོད། དེའི་ནང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་བསྡོམས་རྩིས་རྒྱག་ཚད་སྒོར་དུང་ཕྱུར་0.92ཟིན་པ་དང་། ནད་ཆེན་ཁ་གསབ་འགན་བཅོལ་གྱི་བསྡོམས་རྩིས་རྒྱག་ཚད་སྒོར་ཁྲི་813.46ཟིན་པ། སྨན་བཅོས་རོགས་སྐྱོབ་ཀྱི་བསྡོམས་རྩིས་རྒྱག་ཚད་སྒོར་ཁྲི་134.43ཟིན་པ། གཞུང་ཞབས་པའི་སྨན་བཅོས་ཁ་གསབ་དང་། གྲངས་འབོར་མང་བའི་སྨན་བཅོས་ཁ་གསབ་ཐེབས་རྩ། དེ་བཞིན་ལས་བཟོ་བའི་མི་སྒེར་གྱི་རྩིས་ཁྲ་སོགས་ཀྱིས་ཐུན་མོང་ཐོག་ནུས་པ་བཏོན་ནས་རིམ་པ་མང་བའི་འགན་ལེན་མ་ལག་བཏོད་ཡོད།

དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་ཐད་ཀར་སྨན་རིན་རྩིས་ཞུ་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་ཐོ་འགོད་རེ་ཞུའི་ཐབས་ལམ་རྒྱ་ཆེར་བཏང་སྟེ་དྲ་ཐོག་དང་། ཁ་པར། སྐར་ཁུང་བཅས་ཐབས་ལམ་མང་པོར་བརྟེན་ནས་ཐོ་འགོད་རེ་ཞུ་ཐུབ་པར་བྱས་ཡོད། སྲིད་ཇུས་དྲིལ་བསྒྲཊ་དང་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་དྲ་སྦྲེལ་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་བསྟུན་ནས་འགན་བཅོལ་ནང་ཞུཊ་མཁན་མང་ཚོཊ་ཞིང་ཆེན་སྒྲོལ་ནས་སྨན་བཅོས་བྱེད་པར་དེ་བས་སྟབས་བདེ་རུ་ཕྱིན་ཡོད། མིག་སྔའི་བར་འགན་བཅོལ་ནང་ཞུཊ་པའི་ས་ཆ་ཡིན་པའི་ངོས་ནས་ལྷ་ས་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་ཏུ་འགན་བཅོལ་ནང་ཞུཊ་མཁན་མི་ཐེངས་4969ཟིན་པ་དང་སྨན་བཅོས་འགན་བཅོལ་སྒོར་ཁྲི་571.36བསྡོམས་རྩིས་བརྒྱབ་པ་དང་། སྨན་བཅོས་བྱེད་ས་ཡིན་པའི་ངོས་ནས་ལྷ་ས་ནས་ས་གནས་གཞན་དག་གི་མི་ཐེངས་280ལ་སྨན་བཅོས་བྱས་པ་དང་སྨན་བཅོས་འགན་བཅོལ་སྒོར་ཁྲི་38.84བསྡོམས་རྩིས་བརྒྱབ་པ་རེད། ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་རྩིས་ཞུའི་དུས་འཁོར་ཆེས་ཆེར་ཐུང་དུ་ཕྱིན་པ་དང་མང་ཚོཊ་ཀྱི་མ་དངུལ་སྔ་འདོན་གྱི་གནོན་ཤུཊ་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད།

ཚན་རིག་དང་མཐུན་པའི་སྒོ་ནས་ནད་རིགས་ཁག་གཅིག་འགན་ལེན་ཁྱབ་ཁོངས་ནང་བཅུག་ནས་མང་ཚོགས་ཀྱི་དངོས་ཡོད་དགོས་མཁོ་བསྐངས་པ།

བོད་ལྗོངས་ས་ཁུལ་གྱི་ནད་གཞིའི་འགྱུར་ལྡོག་དང་ནད་ཐོག་སྨན་བཅོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་གསར་པ་ལག་ལེན་བསྟར་རིང་ཐོན་མང་བ་དང་རྒྱུན་མཐོང་གི་གཅོང་ནད་དང་དམིགས་བསལ་ནད་རིགས་ཁག་གཅིག་འགན་ལེན་ཁྱབ་ཁོངས་ནང་འཇུག་རྒྱུ་རེད། སྲིད་ཇུས་དེ་ལག་བསྟར་བྱས་ཚུན། འགན་བཅོལ་ནང་ཞུགས་མཁན་ནད་པ་འབོར་ཆེན་ལ་ནད་རིགས་གསར་འཕར་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། ཡུན་རིང་སྒོ་བསྟེན་སྨན་ཁང་གི་སྨན་སྤྱོད་དང་སྨན་བཅོས་ཀྱི་དཔལ་འབྱོར་ཁུར་པོ་ཡང་དུ་ཕྱིན་ཡོད། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱིས་སྲིད་ཇུས་གསར་པ་དེ་བས་དོན་དངོས་ཀྱི་སྨན་བཅོས་དགོས་མཁོ་དང་འཚམ་པས་ཐོབ་སྣང་དང་། སྐྱིད་སྣང། བདེ་འཇཊ་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

སྲིད་ཇུས་ཀྱིས་མཐོང་དཀོན་པའི་ནད་གཞི་ཕོག་པའི་ཚོགས་སྤྱིར་དམིགས་ཏེ་སྲིད་ཇུས་ཀྱི་དམངས་འཚོའི་དྲོ་སྐྱིད་མངོན་པར་བྱས་པ།

སྲིད་ཇུས་གསར་པས་མཐོང་དཀོན་པའི་ནད་པར་འགན་ལེན་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི《མཐོང་དཀོན་པའི་ནད་གཞིའི་དཀར་ཆག་ཁག་དང་པོའི》ནང་མཐོང་དཀོན་པའི་ནད་གཞི་121ཚང་མ་སྒོ་བསྟེན་ནད་གཞིའི་དམིགས་བསལ་ནད་གཞིའི་འགན་ལེན་ཁྱབ་ཁོངས་ནང་བཅུག་པ་དང་འབྲེལ་གཏན་འཁེལ་བྱུང་བའི་ནད་པར་གནད་སྨིན་ཅན་དང་བརྒྱུད་རིམ་ཧྲིལ་པོའི་སྨན་བཅོས་འགན་བཅོལ་ཞབས་ཞུ་མཁོ་འདོན་བྱས་ཡོད། བྱེད་ཐབས་འདིས་མཐོང་དཀོན་པའི་ནད་པ་སོགས་དམིགས་བསལ་ཚོགས་སྤྱིར་ཐུགས་ཁུར་ཟབ་མོ་གནང་བ་མཚོན་ཡོད།

ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་སླད་ཕྱིན་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཐབས་ལམ་སྣ་ཚོགས་བརྒྱུད་དེ་སྲིད་ཇུས་ཀྱི་གཙོ་གནད་དང་སྒྲུབ་གཉེར་བརྒྱུད་རིམ་གནད་སྨིན་གསལ་འགྲེལ་བྱེད་པ། ཞབས་ཞུའི་ཉམས་ལེན་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་སྒྱུར་བཅོས་ཀྱི་ཕན་པ་དེ་བས་ཆེ་བ་དང་དེ་བས་སྟབས་བདེ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྨན་བཅོས་འགན་ལེན་དྲ་བ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཧུར་ཐག་གཏོང་རྒྱུ་རེད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)