02

དངོས་མཚོན་པར་གཞི《དུས་ཀྱི་འགྲུལ་པ》ཞེས་པའི་ཡོངས་བསྒྲགས་མཛད་སྒོ་དང《ལྷ་སའི་སྙན་དབྱངས》ཞེས་པའི་འོས་སྦྱོར་གྱི་བྱེད་སྒོ་སྤེལ་བ། 2025年12月16日

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཨུད་དྲིལ་བསྒྲཊ་པུའུ་ཡིས་གཙོ་གཉེར་བྱས་པའི་དངོས་མཚོན་པར་གཞི《དུས་ཀྱི་འགྲུལ་པ》ཞེས་པའི་ཡོངས་བསྒྲགས་མཛད་སྒོ་དང་། གངས་ལྗོངས་ཀྱི་གནའ་གྲོང་།གནས་མཆོག་ལྷ་སའི《ལྷ་སའི་སྙན་དབྱངས》ཞེས་པའི་འོས་སྦྱོར་གྱི་བྱེད་སྒོ་ལྷ་ས་དགེ་འོས་སློབ་ཆེན་གྱི་ལུས་རྩལ་ཁང་དུ་སྤེལ་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཏིང་ཁྲེན་དང་། རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཡན་ནེ། ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།

ཝང་ཧུའེ་ཡིས་བསྟན་དོན། 《དུས་ཀྱི་འགྲུལ་པ》ཞེས་པའི་པར་གཞི་ངོ་མ་དེས་འཛམ་གླིང་ལ་བོད་ལྗོངས་ངོ་མ་དེ་མཐོང་ཐུབ་པར་བྱས་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ལེགས་སྐྱེས་སུ་ཕུལ་བའི་བརྩམས་ཆོས་ཤིག་ཡིན་པའི་ཆ་ནས་དངོས་མཚོན་པར་གཞི《དུས་ཀྱི་འགྲུལ་པ》ཞེས་པ་དེ་ཟླ་6ཚེས་6ཉིན་ཚེ་མཆོག་གླིང་དུ་སྟོན་འགོ་ཚུགས་ཤིང་། གཞུང་ལམ་གྱི་ཡུལ་སྐོར་དང་ཕྱིར་དྲན་གྱི་ལམ་བུ་ཞེས་པའི་གནས་ཚུལ་དོན་བརྗོད་བྱེད་སྟངས་བརྒྱུད་དེ་མཚམས་ཁུང་དགོན་པའི་རྒན་རྒོན་ཚུལ་ཁྲིམས་ལྷ་མོའི་ལོ་རྒྱུས་དང་བསྟུན་ནས་ཆབ་མདོ་གྲོང་ཁྱེར་མཛོད་སྒང་རྫོང་སྟོབས་འབར་ཤང་ནས་འགོ་ཚུགས་ཏེ་སྔོན་ཆད་ལྷ་སར་ཆས་པའི་ལམ་བར་གྱི་གནས་ཚུལ་བཀོད་ཡོད། གློག་བརྙན་དེ་ལྷ་སའི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་བྱེད་མཁན་གྱི་ཕོ་ཉ་ཡེ་ཤེས་སྒྲོལ་མ་ཡི་གསལ་འགྲེལ་དང་ཡུལ་སྐོར་དྲིལ་བསྒྲགས་པ་གྲགས་ཅན་ཝང་ཙེ་ཧའོ་ཡི་པར་ཤེལ་བརྒྱུད་ནས་བོད་ཀྱི་འགྱུར་ལྡོག་ཆེན་པོ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད་པ་རེད།

དེ་རྗེས། གསར་གཏོད་བྱེད་མཁན་གཙོ་བོའི་ཚོགས་པས་པར་ལེན་གྱི་བརྒྱུད་རིམ་དང་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་། ཚང་མས་མཉམ་དུ་འགོ་ཚུགས་སྤོ་ལོ་མནན་ཏེ་དངོས་མཚོན་པར་གཞི་དེ་ཨའེ་ཆི་དབྱི་སྤྱི་སྟེགས་བརྒྱུད་དེ་དྲ་ཐོག་ནས་དངོས་སུ་བསྟན་པ་རེད། བྱེད་སྒོ་སྤེལ་ཡུལ་དུ། 《ལྷ་སའི་སྙན་དབྱངས》འོས་སྦྱོར་བྱེད་པའི་ལྷུ་ཚིགས་དུས་མཉམ་དུ་འགོ་ཚུགས་པ་དང་། ཁྱད་ཆོས་ལྡན་པའི་སྙན་དབྱངས་20ལྷག་ཙམ་རེས་མོས་ངང་འཁྲབ་སྟོན་བྱས་པ་རེད། བྱེད་སྒོ་དེ་ལྷ་སའི་ཡོངས་བསྒྲགས་སོགས་བརྙན་ལམ་སྤྱི་སྟེགས་བརྒྱུད་ནས་ཐད་གཏོང་བྱས་པ་དང་། ལྟ་མཁན་མི་ཐེངས་ཁྲི་151.32ཟིན་པ་དང་མོས་བསྟོད་བྱེད་ཚད་མི་ཐེངས་ཁྲི་196.69ཟིན་ཡོད་པ་རེད། འབྱུང་འགྱུར་ལྷ་སས་མུ་མཐུད་དུ་དོན་ཆེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞིར་ཤུགས་རྒྱག་པ། གདོང་དམག་མདུན་ཡག་པོ་བཅས་བྱས་ཏེ་བོད་ཀྱི་གཏམ་རྒྱུད་དང་ལྷ་སའི་གཏམ་རྒྱུད་དེ་བས་མང་བ་འོད་བརྙན་དང་སྙན་དབྱངས་བརྒྱུད་ནས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་ཁྱབ་པར་བྱ་རྒྱུ་ཡིན་པ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)