02

གྲོང་ཁྱེར་གྱི་འགོ་ཁྲིད་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་སྟོད་ལུང་བདེ་ཆེན་ཆུས་སུ་བསྐྱོད་དེ་གྲོང་ཁྱེར་དོ་དམ་བཅོས་སྒྲིག་གི་ལས་དོན་ཐད་བརྟག་ཞིབ་གནང་བ། 2025年12月16日

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་སྤྱི་གཞོན་པ་པ་སངས་རྡོ་རྗེ་དང་ཀའོ་ཅུན་གྱིས་རུ་སྣེ་ཁྲིད་དེ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་སྟོད་ལུང་བདེ་ཆེན་ཆུས་སོགས་གཙོ་གནད་ས་ཁོངས་སུ་བསྐྱོད་དེ་གྲོང་ཁྱེར་གྱི་དོ་དམ་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

བརྟག་ཞིབ་གནང་རིང་། བརྟག་ཞིབ་ཚོགས་ཆུང་གིས་ཕེབས་ཀྱིན་དུ་གཟིགས་ཞིབ་གནང་ནས་ཁོར་ཡུག་འཕྲོད་བསྟེན་དང་། སྔོ་འགྱུར། སྒྲིག་བཀོད་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། དེ་དང་ཆབས་ཅིག་ནན་གསུངས་གནང་དོན། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་དགོས་ཤིང་། སྒྱུར་བཀོད་ཞིབ་ཚགས་བྱས་ནས་གྲོང་ཁྱེར་གྱི་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)