01

ཞི་བདེའི་ངང་འཕེལ་རྒྱས་བཏང་ནས་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུཊ་གཅིག་ཏུ་བསྒྲིལ་དགོས་པ་བསྟན་པ། 2025年12月16日

ཟླ་12ཚེས་12ཉིན། རྒྱལ་སྤྱིའི་ཞི་བདེ་དང་ཡིད་ཆེས་ལོའི་གླེང་སྟེགས་ཐུའུ་ཁུའུ་མན་སི་ཐན་གྱི་ཨ་ཧྲི་ཧ་པ་ཏེ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད། རྒྱལ་ཁབ་མང་པོའི་མི་སྣས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་མཐོ་ཚད་ཐོག་ནས་ཞི་བདེ་དང་ཡིད་ཆེས་དུས་རབས་ཀྱི་རིན་ཐང་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་བསམ་ཤེས་བཅས་ཀྱི་སྒོ་ནས་ཞི་བདེའི་འཕེལ་རྒྱས་ལ་འབོད་སྐུལ་གནང་ཞིང་།མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་ཐོག་ནས་ཡིད་ཆེས་ཟབ་ཏུ་བཏང་སྟེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་པ་བསྟན་ཡོད་ཅེས་བཤད།

ནང་དོན་གཏིང་ཟབ་པ་དང་། མིག་རྒྱང་རིང་བ། མི་སེམས་ལ་སྐུལ་མ་ཐེབས་པ།

ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་རྒྱལ་སྤྱིའི་ཞི་བདེ་དང་། ཡིད་ཆེས་ལོ། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལ་དམིགས་ནས་ཀྲུང་གོའི་ལངས་ཕྱོགས་གསལ་བཤད་དང་ཀྲུང་གོའི་ཇུས་གཞི་མཉམ་སྤྱོད་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པ་གཞོན་པ་ཧྥར་ཧན་ཧ་ཁེས་ཚེས་12ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོང་གི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁོངས་གཏོགས་རྒྱལ་ཁབ་དབར་གྱི་ཚོགས་འདུ་འཚོགས་པ་དེར་ཕན་ཐོགས་ཆེན་པོ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་ཁག་གིས་ཕན་ཚུན་ཡིད་ཆེས་ལ་ཤུགས་སྣོན་རྒྱག་ཆེད་འབད་བརྩོན་བྱས་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཐུའུ་ཁུའུ་མན་སི་ཐན་གྱི་ཕྱི་འབྲེལ་པུའི་ཕྱི་ཕྱོགས་ཆབ་སྲིད་ཆ་འཕྲིན་དང་གྲངས་འཛིན་ཕྱི་འབྲེལ་སིའི་འགན་འཁུར་བ་ཨ་ཁེ་མུའུ་ཧན་མོ་ཏེ་ཀྲུའུ་མ་ཀུའུ་ལི་ཡེ་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་གཏིང་ཟབ་པ་དང་། མིག་རྒྱང་རིང་བ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཡོད་པས་ཐུར་ཀྲུང་འབྲེལ་བའི་ཆུ་ཚད་མཐོན་པོ་གང་ལེགས་མངོན་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཡུན་རིང་བར་གནས་ཀྱི་སྲིད་ཇུས་ལག་བསྟར་བྱས་པར། (པར་ངོས་བཞི་པར་གཟིགས)