01

བློ་མཐུན་ཝང་པིན་ཆན་གྱི་སྐུ་ཕུང་ཀོང་ཀྲོའུ་རུ་ཞུགས་འབུལ་གནང་བ། བློ་མཐུན་ཝང་པིན་ཆན་ལ་སྙུང་གཞི་ལྕི་པོ་ཕོག་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་བྱ་ཐབས་རྣམ་པ་སྣ་ཚོགས་བརྒྱུད་ནས་བློ་མཐུན་ཝང་པིན་ཆན་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པར་མ་ཟད།ཁོང་གི་ནང་མིར་སེམས་གསོའི་འཚམས་འདྲི་ཟབ་མོ་གནང་བ། 2025年12月16日

ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་གི་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན། རང་རྒྱལ་གྱི་ནོར་སྲིད་འཐབ་ཕྱོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་གི་ཕུལ་བྱུང་འགོ་ཁྲིད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བཅས་ཡིན་པའི་བློ་མཐུན་ཝང་པིན་ཆན་གྱི་ཕུང་པོ་ཚེས་14ཉིན་ཀོང་ཏུང་ཀོང་ཀྲོའུ་གྲོང་ཁྱེར་གྱི་ཞུགས་འབུལ་ཁང་དུ་ཞུགས་འབུལ་གནང་བ་རེད།

བློ་མཐུན་ཝང་པིན་ཆན་སྙུན་གཞིའི་རྐྱེན་གྱིས་2025ལོའི་ཟླ་12ཚེས་8ཉིན་གྱི་ཆུ་ཚོད་3དང་སྐར་མ་35ཐོག་ཀོང་ཏུང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་100རེད།

བློ་མཐུན་ཝང་པིན་ཆན་ལ་སྙུང་གཞི་ལྕི་པོ་ཕོག་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་བྱ་ཐབས་རྣམ་པ་སྣ་ཚོགས་བརྒྱུད་ནས་བློ་མཐུན་ཝང་པིན་ཆན་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པར་མ་ཟད། ཁོང་གི་ནང་མིར་སེམས་གསོའི་འཚམས་འདྲི་ཟབ་མོ་གནང་བ།

ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར། ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་སོགས་ཆེད་མངགས་ཀོང་ཀྲོའུ་གྲོང་ཁྱེར་གྱི་ཞུགས་འབུལ་ཁང་དུ་ཕེབས་ནས་བློ་མཐུན་ཝང་པིན་ཆན་ལ་ཞལ་གྱེས་ཞུས་པར་མ་ཟད། ཁོང་གི་ནང་མིར་སེམས་གསོའི་འཚམས་འདྲི་ཟབ་མོ་གནང་བ་རེད།(པར་ངོས་གསུམ་པར་གཟིགས)