01

དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་བབ་གསར་པའི་འོག་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ། 2025年12月16日

ཆོས་ཉིད་ངོས་འཛིན་དང་། ཆོས་ཉིད་བརྩི་འཇོག ཆོས་ཉིད་བེད་སྤྱོད་བཅས་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་གལ་ཆེན་ཞིག་ཡིན།

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཕྱོགས་བསྡུས་ཞུན་བརྡར་བྱས་པའི་ངེས་པར་དུ་དཔལ་འབྱོར་གྱི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱེད་དགོས་པ་དང་། ངེས་པར་དུ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་མཉམ་སྤེལ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་གློད་ཐུབ་པ་དང་སྡོམ་ཐུབ་པར་བྱེད་དགོས་པ། ངེས་པར་དུ་དངོས་པོའི་ཐད་མ་འཇོག་དང་མིའི་ཐད་མ་འཇོག་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ། ངེས་པར་དུ་ནང་ནུས་སྦྱོང་བརྡར་ལ་བརྟེན་ནས་ཕྱི་རོལ་གྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པ་བཅས་ཀྱི་ངེས་པར་དུ་བྱེད་དགོས་པ་ལྔ་ནི་རང་རེའི་ཏང་གིས་འཕེལ་རྒྱས་ཀྱི་ལག་ལེན་ལ་སྣེ་ཁྲིད་བྱེད་པའི་རྨང་གཞིའི་ཐོག་དུས་བབ་གསར་པའི་འོག་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པ་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་ཞིག་ཡིན།

ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་དུས་སྐབས་རིང་། རང་རྒྱལ་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏིང་ཟབ་དང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འཕྲད་ཡོད་པས་ངེས་པར་དུ་བྱེད་དགོས་པ་ལྔ་ཞེས་པ་འདིས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མཛུབ་ཁྲིད་རང་བཞིན་དང་དམིཊ་སའི་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་པས་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིཊ་འབེན་དང་ལས་འགན་ནུས་ཤུཊ་ཡོད་རྒུས་མངོན་འགྱུར་བྱེད་པ་དང་། ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་འགོ་ཡག་པོ་འཛུགས་པ་དང་ལག་བསྟར་ཡག་པོ་བྱ་རྒྱུར་འགན་ལེན་བྱ་ཆེད་བྱ་སྤྱོད་ཀྱི་མཛུབ་ཁྲིད་མཁོ་འདོན་བྱས་ཡོད།

དཔལ་འབྱོར་གྱི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱེད་པ་ནི་ཐོན་ལས་ཀྱི་མ་ལག་འཐུས་ཚང་དང་ཁྲོམ་རའི་གཞི་ཁྱོན་ཆེན་པོ་སོགས་ཀྱི་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ཏེ་མི་མངོན་པའི་ནུས་པ་སྒུལ་ཤུགས་སུ་འགྱུར་བར་བྱས་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ལ་དབང་ཐུབ་པར་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་མཉམ་སྤེལ་མཐའ་འཁྱོངས་བྱེད་པ་ནི་གནད་དོན་རྙིང་པ་དང་འགྲན་སློང་གསར་པར་ཐད་ཀར་གདོང་གཏད་ནས་སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་བརྟན་པོའི་ངང་འབད་བརྩོན་བྱེད་པའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། གློད་ཐུབ་པ་དང་སྡོམ་ཐུབ་པར་བྱ་རྒྱུ་ནི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།(པར་ངོས་གསུམ་པར་གཟིགས)