ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གློག་སྒུལ་སྦག་སྦག་གི་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་ལག་བསྟར་བྱས་རྗེས། འབྱུང་རྩ་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་ཀྱིས་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)རིམ་གཉིས་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་དང་མཉམ་དུ་མེ་ཟོན་རོགས་སྐྱོབ་དང་། གྲོང་ཁྱེར་དོ་དམ། སྡེ་ཁུལ་སོགས་ཕྱོགས་མང་པོའི་སྟོབས་ཤུཊ་སྤྱད་དེ་ཁོངས་གཏོགས་ཁུལ་གྱི་གློག་སྒུལ་སྦག་སྦག་གི་ཉོ་ཚོང་ཁྲོམ་རར་གྲལ་བཤེར་བྱས་ནས་ཚད་གཞི་མ་ལོན་པའི་སྦག་སྦག་ཁྲོམ་རར་གཏོང་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་པ་རེད།
བྱ་སྤྱོད་སྤེལ་རིང་། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་མེ་ཟོན་རོགས་སྐྱོབ་རུ་ཆེན་ལས་གྲུབ་པའི་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གླིང་སྐོར་ནུབ་ལམ་དུ་བསྐྱོད་དེ་ཚོང་ཁང་ཁག་གཅིག་ལ་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་ཚོགས་ཆུང་གིས་རླངས་འཁོར་འཚོང་སྐབས་ལག་ཁྱེར་གསུམ་སྒྲིལ་དོན་འཁྱོལ་བྱས་ཡོད་མེད་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་འབྲེལ་ཚོང་ཁང་གི་མངོན་གསལ་དོད་སར་རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་དྲིལ་བསྒྲགས་བརྡ་ཁྱབ་སྦྱར་ནས་འཛད་སྤྱོད་པར་ཚད་གཞི་གསར་པ་ངོས་འཛིན་པ་དང་རླངས་འཁོར་ཡག་པོ་འདེམས་པའི་ཐད་ཁྲིད་སྟོན་བྱས་པ་རེད།
(པར་ངོས་གཉིས་པར་གཟིགས)