01

སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་ར་བཙུགས་ནས་ལོ་གཅིག་འཁོར་བའི་རྟེན་འབྲེལ་དང་ཚགས་ཤའི་ཚོང་འདུས་སྐབས་དང་པོ་འགོ་ཚུགས་པ། དགུན་དུས་ཀྱི་འཛད་སྤྱོད་གསོལ་སྟོན་ལས་གྲོང་མི་མང་ཚོགས་ལ་ཕན་པ་ཐོབ་པ། 2025年12月16日

པར་འདི་ནི་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་ར་བཙུགས་ནས་ལོ་གཅིག་འཁོར་བའི་རྟེན་འབྲེལ་དང་ཚགས་ཤའི་ཚོང་འདུས་སྐབས་དང་པོའི་ཡུལ་དངོས་ཀྱི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་12ཉིན།སྐུ་འབུམ་ཐང་ཕྱོཊ་བསྡུས་ཞིང་ཟོག་ཚོང་ཁྲོམ་ར་བཙུགས་ནས་ལོ་གཅིག་འཁོར་བའི་རྟེན་འབྲེལ་དང་ཚགས་ཤའི་ཚོང་འདུས་སྐབས་དང་པོ་འགོ་ཚུགས་ཤིང་། བྱེད་སྒོས་དྲིན་ལན་གཟོ་བ་དང་ཁྱད་ལྡན་འགྲེམས་ཚོང་ཟུང་དུ་འབྲེལ་རྒྱུ་གཉིས་གཙོ་རྐང་དུ་བྱས་ནས་གྲོང་མིར་དངོས་དངོས་རྗེན་རྗེན་གྱི་འཛད་སྤྱོད་ཀྱི་ཕན་བདེ་བསྐྲུན་པར་མ་ཟད། ད་དུང་འབྱུང་རྩ་ནས་ཉམས་ལེན་དང་། དམངས་སྲོལ་འགྲེམས་འཁྲབ། མཉམ་འགུལ་བྱ་དགའ་འཐེན་པ་སོགས་ཕུན་སུམ་ཚོགས་པའི་ནང་དོན་མཉམ་འདྲེས་བྱས་ཏེ་ཁྱད་ཆོས་མངོན་གསལ་དོད་པའི་འཛད་སྤྱོད་ཀྱི་རྣམ་པ་བཏོད་ནས་གྲོང་མི་མང་ཚོགས་ལ་དགུན་དུས་ཀྱི་འཛད་སྤྱོད་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད།

བྱང་སྒོའི་ཐང་ཆེན་གྱི་ཚགས་ཤ་འགྲེམས་ཚོང་ཁུལ་དུ་འདམ་གཞུང་རྩྭ་ཐང་ཞེས་པའི་གཙོ་དོན་འགྲེམས་ཁུལ་ལ། (པར་ངོས་བཞི་པར་གཟིགས)