(པར་ངོས་དང་པོར་མཐུད)རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕྲད་པའི་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ།འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་བཀོད་པ་དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཤུགས་རྐྱེན་གལ་ཆེན་དང་གཏིང་ཟབ་ཐེབས་ངེས་རེད།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་གཞི་གཞིར་བཟུང་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་དུས་ཐོག་ཏུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་སྐོང་ཚོགས་བྱས་ནས་ང་ཚོར་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་བརྗིད་ཆེའི་འཆར་གཞི་བཀོད་པ་དེའི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་། སྤྱི་ཡོངས་དོན་གཉེར། དོན་ཆེན་ལ་དམ་འཛིན་བཅས་བྱེད་པའི་ཆབ་སྲིད་ཀྱི་ཁྱད་འཕགས་ནུས་པ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མངོན་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།སྲུང་སྐྱོང་གཉིས་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་འབྱུང་འགྱུར་གྱི་དོན་ཆེན་དོན་གཉེར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས།སློབ་སྦྱོང་དང་བསམ་གཞིགས་རྒྱུན་མཐུད་ཐུབ་པ་དང་།དད་ཤེས་སྤྱོད་གསུམ་གཅིག་གྱུར་ཡོང་བར་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་བཅས་ཀྱི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་བརྩམ་རྒྱུ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་དོན་ཆེན་བཞིར་དམིགས་པ་དང་།གདོང་དམག་བདུན་ཡག་པོ་བྱེད་པའི་འབད་འཐབ་ཀྱི་དམིགས་ཚད་ལ་དམིགས་ནས་ལས་དོན་ཁག་ལྔ་དང་བྱ་སྤྱོད་ཆེན་པོ་བརྒྱད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཚད་བསྡུར་མིག་ལྟོས་ཀྱི་བློ་རྩ་སྔར་བས་བརྟན་ལ་རང་འགུལ་ཡོད་པ།སྤྱི་ཚོགས་ཁྱོན་ཡོངས་དེ་བས་ཞི་མཐུན་བརྟན་ལྷིང་།འཕེལ་རྒྱས་ཀྱི་སྤུས་ཚད་དེ་བས་མཐོ་བ་དང་ཕན་འབྲས་དེ་བས་ཆེ་བ།དེ་བཞིན་མཛེས་སྡུག་ལྡན་པའི་ལྷ་སའི་གནམ་དེ་བས་སྔོ་ཞིང་དྭངས་བ་དང་།ཞབས་ཞུ་སྔར་བས་གནད་སྨིན་ནུས་ལྡན།གྲོང་ཁྱེར་གྱི་སྤུས་ཚད་དེ་བས་མཛེས་སྡུག་ལྡན་ལ་སྡོད་མལ་དང་འཚམ་པ།སྲིད་སྐྱོང་གི་རྨང་གཞི་སྔར་ལས་བརྟན་པོ་བཅས་ཡོད་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད་པའི་ངོས་འཛིན་གཅིག་མཐུན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔ་ཚན་བཅུ་བཞི་པའི་རིང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྱོང་གི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ལོ་ལྔ་ཚན་བཅུ་བཞི་པའི་རིང་།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།དོན་ཆེན་བཞིར་དམིགས་པ་དང་།གདོང་དམག་བདུན་ཡག་པོ་བྱ་རྒྱུ་དེ་ལས་ཀའི་དམིགས་ཚད་དུ་བྱེད་པ། རྩ་དོན་ལྔ་ལག་བསྟར་གཏིང་ཟབ་བྱེད་པ།འཐབ་ཇུས་ཆེན་པོ་བཞི་ལག་བསྟར་ཤུགས་ཆེན་བྱེད་པ།བརྟན་ལྷིང་སྲུང་སྐྱོང་གི་རྣམ་པ་གསར་པ་བཏོད་པ།དཔལ་འབྱོར་སྟོབས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ།ཐོན་ལས་སྐྱེད་སྲིང་གིས་རྣམ་པ་གསར་པ་བཏོད་པ།རྨང་གཞིའི་སྒྲིག་བཀོད་ལ་ཚད་བརྒལ་གསར་པ་བྱུང་བ།དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་མཐོར་གཏོང་ལ་དོན་སྙིང་གསར་པ་ལྡན་པ།སྒྱུར་བཅོས་སྒོ་དབྱེ་ལས་སྒུལ་ནུས་གསར་པ་འཕེལ་བ།དམངས་འཚོའི་བདེ་རྩ་ཆེ་རུ་ཕྱིན་པ།འབྱུང་ཁམས་ཤེས་དཔལ་གྱི་ལས་རྣམ་པ་གསར་པ་མངོན་པ།ཏང་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ་སོགས་གྲུབ་འབྲས་དེ་དག་ཐོབ་པའི་ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འབྲས་བུ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་དང་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ་བཅས་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ལོ་ལྔ་ཚན་བཅོ་ལྔ་པའི་རིང་རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ་དང་གཏན་འཁེལ་མི་ཐུབ་པའི་རྒྱུ་རྐྱེན་སྔོན་དཔག་བྱེད་དཀའ་བའི་དུས་སྐབས་སུ་གནས་ཡོད། ལྷ་སའི་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་འཕེལ་རྒྱས་ལ་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། སྲིད་ཇུས་གཅིག་ཐོག་གཅིག་བརྩེགས། ཁྲོམ་རའི་གསབ་རེས་མཉམ་སྤྱོད། གོ་སྐབས་ཆེན་པོ་བཞི་ཡི་རྨང་གཞི་བརྟན་པ་བཅས་ཀྱི་གོ་སྐབས་ཆེན་པོ་བཞི་འཕྲད་ཡོད་པ་དང་། དུས་ཐེངས་ལྔ་རྩེག་གི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་། སྟབས་བསྟུན་འགྱུར་ལྡོག་ལ་ངོས་འཛིན་དང་ཁ་གཏད་ཧུར་ཐག་གཅོག་པ། བློ་རྩེ་གཅིག་སྒྲིམ་གྱིས་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ལོ་ལྔ་ཚན་བཅོ་ལྔ་པའི་རིང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པར་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བཅས་བྱེད་དགོས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། མཐའ་འཁྱོངས་དྲུག་གི་རྩ་དོན་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། འབྱུང་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་མུ་མཐུད་དམ་འཛིན་གཏིང་ཟབ་བྱེད་པ། གདོང་དམག་བདུན་ཡག་པོ་བྱ་རྒྱུར་དམིགས་ཏེ། རྩ་དོན་ལྔ་ལག་བསྟར་གཏིང་ཟབ་དང་། འཐབ་ཇུས་ཆེན་པོ་བཞི་ལག་བསྟར་ཤུགས་ཆེན་བྱ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ཏེ། སྤྱི་ཚོགས་བརྟན་ལྷིང་ཡོང་བ་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་པ་དང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་དོན་དུ་བྱེད་པ། སྲོག་ཤིང་དང་ལྟེ་བ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་ཀྱི་ཁ་ཕྱོགས་སུ་བྱེད་པ། སྒྱུར་བཅོས་དང་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་རྩ་བའི་འགན་ལེན་དུ་བྱེད་བཅས་བྱས་ཏེ། ལྟེ་བའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ནུས་རིམ་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ། མིའི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་གོམ་སྟབས་བརྟན་པོ་ཞིག་སྤོས་བ་བཅས་བྱས་ནས་རྒྱལ་ཡོངས་དང་ལྗོངས་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་འགན་ལེན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཀྲུང་དབྱང་གིས་ཁ་གསལ་བཏོན་པའི་རྩ་དོན་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་གཞིར་བཟུང་། གནས་རིམ་ཨང་དང་པོའི་སྣེ་ཁྲིད་དང་ས་ཁོངས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཟུང་འབྲེལ། འབྱུང་ཁམས་སྲུང་སྐྱོང་དང་རིན་ཐང་གཞན་སྒྱུར་མཉམ་འདྲེས། སྒྱུར་བཅོས་གསར་གཏོད་དང་སྒོ་དབྱེ་སྣེ་ཁྲིད་ཕན་ཚུན་མཐུན་སྦྱོར། དམངས་འཚོ་མཉམ་སྤྱོད་དང་མིའི་འཕེལ་རྒྱས་ཕན་ཚུན་གཅིག་གྱུར་བཅས་ཀྱི་ཆ་ལྔའི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱས་ཏེ། རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྱི་གྲགས་ཅན་གྲོང་ཁྱེར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ། དེང་ཅན་བཅོས་སྐྱོང་གི་དཔེ་སྟོན་ཁུལ། འབྱུང་ཁམས་ཤེས་དཔལ་གྱི་མཐོ་སའི་སྣེ་ཁྲིད་ཁུལ་བཅས་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་པའི་ལྷ་ས་དང་། སྤུས་ཚད་མཐོ་བའི་ནང་དོན་ལྡན་པའི་རིག་གནས་ཀྱི་ལྷ་ས། རིན་ཐང་མཐོ་བའི་འབྱུང་ཁམས་ཀྱི་མཛེས་པའི་ལྷ་ས། ནུས་ཆེའི་བཅོས་སྐྱོང་གི་ཁྲིམས་སྐྱོང་ལྷ་ས། ཆུ་ཚད་མཐོ་བའི་བདེ་འཇགས་ལྡན་པའི་བདེ་འཁོད་ཀྱི་ལྷ་ས་བཅས་འཛུགས་སྐྲུན་བྱ་རྒྱུ་དེ་རེད།
2035ལོར་སླེབས་སྐབས། དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཁྱད་ལྡན་ཐོན་ལས་ཀྱི་འགྲན་རྩོད་ནུས་པ། འབྱུང་འཕྲོད་ཐོན་སྐྱེད་ནུས་ཤུགས་བཅས་ཆེས་ཆེར་འཕར་རྒྱུ་དང་། ལྟེ་བའི་གྲོང་ཁྱེར་གྱི་ཁྱབ་འགྱེད་སྣེ་ཁྲིད་དང་སྐུལ་ཁྲིད་ནུས་པ་ཕྱོགས་ཡོངས་ནས་མངོན་པ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་གང་ལེགས་མངོན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བཅས་བྱས་ཏེ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་བསྐྲུན་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་རྒྱུར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་དང་། སྲོག་ཤིང་དང་ལྟེ་བ་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་པའི་ལྷ་ས་འཛུགས་སྐྱོང་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ། ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་པ། རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་ནང་དོན་ལྡན་པའི་རིག་གནས་ཀྱི་ལྷ་ས་གཏོད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ། འབྱུང་ཁམས་སྲུང་སྐྱོང་དང་སླར་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བརྒྱུད་རིམ་ལྡན་པའི་ངང་ལག་བསྟར་བྱེད་པ། འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྣོད་བཅུད་རིན་ཐང་གཞན་སྒྱུར་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས་འབྱུང་ཁམས་རིན་ཐང་མཐོ་བའི་མཛེས་པའི་ལྷ་ས་འཛུགས་སྐྱོང་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གཞུང་དྲང་ཁྲིམས་འཛིན་གྱི་སྒྲིག་སྲོལ་དང་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་ནུས་ཆེའི་བཅོས་སྐྱོང་གི་ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། གྲོང་ཁྱེར་བརྟན་ལྷིང་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ། མཐའ་མཚམས་སྟོབས་ཆེར་གཏོང་བའི་རྒྱབ་ཕྱོགས་ཆེན་པོ་མགྱོགས་མྱུར་འཛུགས་སྐྲུན་བཅས་བྱས་ནས་ཆུ་ཚད་མཐོ་ལ་བདེ་འཇགས་ལྡན་པའི་བདེ་འཁོད་ཀྱི་ལྷ་ས་འཛུགས་སྐྱོང་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། འཆར་འགོད་སྒྲིག་བཟོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་མིག་སྔའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཏེ། ལོ་འགོའི་དམིགས་ཚད་ལས་འགན་དང་བསྡུར་ནས་གདོང་མཆོང་ཀྱི་ནུས་ཤུགས་དང་འབད་འཐབ་ཀྱི་སྤྱོད་ཚུལ་གྱི་ཐོག་ནས་དུས་ཚིགས་བཞི་པར་མཐའ་བའི་རྒྱལ་ཐོབ་པར་བྱེད་པ་དང་། མཇུག་བསྡུའི་ལས་དོན་ཡག་པོ་བསྒྲུབ་པ། ལོ་ཧྲིལ་པོའི་གྲུབ་འབྲས་བཟང་པོ་ཐོབ་པར་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོའི་བྱ་བ་དངོས། བདེ་འཇགས་ཐོན་སྐྱེད། ཕྱོགས་བསྡུས་དཔྱད་ཞིབ། ལས་དོན་ཇུས་འགོད་བཅས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་སང་ལོའི་ལས་དོན་དང་ལོ་ལྔ་ཚན་བཅོ་ལྔ་པ་འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག《བློ་མཐུན་ཞུང་ཅིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་སྐོར་གྱི་ཀྲུང་གུང་ལྷ་ས་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་བློ་མཐུན་ཞུང་ཅིན་གི་ཏང་ནང་གི་གོ་གནས་མེད་པར་བཟོ་རྒྱུའི་ཆད་པ་བཅད་པའི་གཏན་འབེབས་ལ་རྗེས་སུ་ཁས་ལེན་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་ཁྲི་སེམས་གཅིག་དང་གསར་འབྱེད་ཡར་བརྩོན་གྱིས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ནུས་ཤུགས་ཡོད་རྒུས་གདོང་དམག་བདུན་ཡག་པོ་བྱ་རྒྱུ་དང་། འགོ་འཛུགས་ས་གསར་པའི་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པའི་ལྷ་སའི་ལག་ལེན་ཡོངས་སུ་ཁྱབ་པར་བྱེད་དགོས།
གྲོང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཕེབས་ཡོད། གྲོང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་རང་གྲོང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གཞི་རིམ་གྱི་འཐུས་མི། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། གྲོང་ཁྱེར་སྒྲིག་ཨུད་ཀྱི་རྒྱུན་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་ཡོད།
(སྟོབས་རྒྱལ་དང་བསྟན་རྡོར་གྱིས་སྒྱུར་ཞུས་བྱས)