(པར་ངོས་དང་པོར་མཐུད)ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཁྲིམས་རིག་ཞིབ་འཇུག་སུའོ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཞིབ་འཇུག་སུའོ་ཡི་མཉམ་འབྲེལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཧུང་ལུའེ་ཆེད་དོན་ཟུར་ཁྲིད་གནང་བར་གདན་དྲངས་ཡོད་པ་རེད།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན།ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཙོ་གནད་ལས་འགན་དང་གཙོ་བོའི་ལས་གཞི་ཞིག་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། དེར་བརྟེན་དང་ཐོག་ཆོས་ཉིད་ལྟར་བྱ་བ་སྒྲུབ་རྒྱུ་དེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དེ་ཡང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་ནང་གནས་ཀྱི་གཏན་ཚིགས་དང་ལས་རིགས་ཁག་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། ཏང་ནང་གི་ཁྲིམས་སྲོལ་དང་། རྩ་ཁྲིམས་དང་བཅའ་ཁྲིམས། སྲིད་ཇུས་བཅས་ལ་སློབ་སྦྱོང་བྱེད་པ། ཆོས་ཉིད་ལ་བརྟེན་ནས་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ།སྲིད་གཞུང་གི་ལས་དོན་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། གཉིས་པ་འཆར་འགོད་ལྟར་ལས་དོན་བསྒྲུབ་རྒྱུ་དེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ཕྱོགས་ཡོངས་ལ་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དེ་ཡང་འཆར་འགོད་ཀྱི་གཅུན་འདོམས་དང་ཚད་ལྡན་གྱི་ནུས་པ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ལོ་ལྔའི་འཆར་འགོད་དང་། སྤྱིའི་འཆར་འགོད། ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད། བྱ་སྤྱོད་ཀྱི་འཆར་གཞི། ལོ་འཁོར་གྱི་འཆར་གཞི། ལས་ཀའི་ཇུས་གཞི་བཅས་སྦྲེལ་མཐུད་ནུས་ལྡན་དང་ཕན་ཚུན་སྤེལ་རེས་ཐུབ་པའི་འགན་ལེན་བྱས་ཏེ་དུས་ཡུན་རིང་བ་དང་འབྲིང་བ།ཉེ་བ་བཅས་ཀྱི་དམིགས་ཚད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུར་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། གསུམ་པ་སྒྲིག་ལམ་ལྟར་བྱ་བ་སྒྲུབ་རྒྱུ་དེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལྷུ་ཚིགས་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དེ་ཡང་ཆབ་སྲིད་ཀྱི་མཐའ་ཚད་དང་། བཅའ་ཁྲིམས་ཀྱི་མཐའ་ཚད། ལས་རིགས་ཀྱི་མཐའ་ཚད་བཅས་ནན་སྲུང་དང་། ཁྲིམས་ལྟར་ཇུས་ཐག་གཅོད་པའི་གོ་རིམ་ཚད་ལྡན་དང་དོན་འཁྱོལ་བྱས་ཏེ། ཐབས་ཇུས་ཚད་ལྡན་དང་། བདེ་འཇགས་ལྡན་པའི་སྒོ་ནས་ཐབས་ཇུས་འགོད་པ། འགན་འཁུར་ཕོད་པའི་སྒོ་ནས་ཐབས་ཇུས་འགོད་པ་བཅས་བྱེད་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་འཛིན་ཁྲིམས་འཛིན་དང་འོས་སྐུལ་འོས་དཔོད་སྒྱུར་བཅོས་སོགས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་ནས་སྲིད་གཞུང་གིས་ཁྲིམས་སྐྱོང་ལ་སྣང་ཆེན་དང་། ལས་བྱེད་པས་སྒྲིག་ལམ་ལ་སྣང་ཆེན། སྤྱི་ཚོགས་ཀྱིས་ཡིད་རྟོན་ལ་སྣང་ཆེན་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)