01

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐོར་ཞིབ་ཞིང་ཆེན(རང་སྐྱོང་ལྗོངས་དང་། ཐད་གཏོཊ་གྲོང་ཁྱེར)གྱི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》ལ་གྲོས་ཞིབ་གནང་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། 2025年11月30日

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་བ་11པའི་ཚེས་28ཉིན་ཚོགས་འདུ་འཚོགས་ནས། 《སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐོར་ཞིབ་ཞིང་ཆེན་(རང་སྐྱོང་ལྗོངས་དང་། ཐད་གཏོགས་གྲོང་ཁྱེར)གྱི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པ་དང་རེས་སྐོར་དྲུག་པའི་སྐོར་ཞིབ་ལས་དོན་བཀོད་སྒྲིག་གནང་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་བཅས་ཚང་མར་ཁྱབ་ཐུབ་པ་བྱུང་ཡོད། སྐོར་ཞིབ་བྱས་འབྲས་ལ་གཞིགས་ན། ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གི་ལས་དོན་ལ་འཕེལ་རིམ་དང་ཕན་འབྲས་གསར་པ་ཐོན་ཡོད། ཡིན་ནའང་། གནད་དོན་ཁ་ཤས་ཀྱང་གནས་ཡོད་པས་ངེས་པར་དུ་ཆབ་སྲིད་ཐོག་ནས་དེར་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ནན་པོ་བྱེད་དགོས། སྐོར་ཞིབ་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱེད་པ་དང་། གཙོ་གཟུགས་འགན་འཁྲི་དོན་འཁྱོལ་བྱེད་པ། རྒྱུན་ལྡན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྐོར་ཞིབ་བཅོས་སྒྲིག་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ལོ་ལྔ་ཚན་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་འཆར་འགོད་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་བཟོ་བ།

(པར་ངོས་གཉིས་པར་གཟིགས)