01

འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས། 2025年11月30日

འཆར་འགོད་གསར་པ་བཀོད་དེ་རྒྱང་ལམ་གསར་པར་མདུན་སྐྱོད་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་རྒྱལ་ཁའི་ངང་མཇུག་འགྲིལ་ཞིང་། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། སྲོག་ཤིང་ལ་སྲུང་སྐྱོང་། མཐུན་སྒྲིལ་ཡར་བརྩོན་བཅས་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚོགས་འདུའི་ཐོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ། 《ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་གྲོས་འགོར》གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ། འབྱུང་འགྱུར་ལོ་ལྔའི་རིང་གི་འཕེལ་རྒྱས་ལ་འཆར་འགོད་གང་ལེགས་དང་ལས་དོན་ཁག་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཐད་འབད་བརྩོན་བྱེད་དགོས་པའི་སྐུལ་སློང་བཀའ་རྒྱ་བཀྲམས་པ་བཅས་བྱས་ཏེ།

(པར་ངོས་གཉིས་པར་གཟིགས)